འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་1ཉིན།

༄༅།།རྒྱ་ཡིག་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་གཞུང་ཕྱོགས་སྐད་ཡིག་ཏུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་01ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རིག་གནས་དང་ཡུལ་སྐོར་པུའི་ཆ་འཕྲིན་གཞིར་བཟུང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས(དབྱིན་ཡིག་ཏུ་UNWTOཞེས་བསྡུ་རྒྱུ)དང་སི་ཕེན་སྲིད་གཞུང་གིས་2021ལོའི་ཟླ་1ཚེས་25ཉིན་ནས་བཟུང་། རྒྱ་ཡིག་དེ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་གཞུང་ཕྱོགས་སྐད་ཡིག་ཏུ་དངོས་སུ་གྱུར་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།
    གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་ཤོས་ཀྱི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་ཤིག་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ལ་ད་ལྟ་ཁོངས་མིའི་རྒྱལ་ཁབ་159ཡོད་པ་དང་། སྤྱི་ཁྱབ་པུའུ་སི་ཕེན་གྱི་མ་ཏེ་རིར་ཡོད། སི་ཕེན་ནི་དེའི་ཁ་ཆད་ཡོད་པའི་རྒྱལ་ཁབ་ཅིག་རེད། ཀྲུང་གོ་1983ལོར་རྩ་འཛུགས་དེར་ཞུགས་ཡོད། 2007ལོའི་ཟླ་11པར་UNWTOཚང་འཛོམས་གྲོས་ཚོགས་སྐབས་བཅུ་བདུན་པའི་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་རྒྱ་ཡིག་རྩ་འཛུགས་དེའི་གཞུང་ཕྱོགས་སྐད་ཡིག་ནང་འཇུག་རྒྱུའི་གྲོས་འགོ་བཏོན་པ་ཚང་འཛོམས་གྲོས་ཚོགས་ཀྱིས་དང་ལེན་བྱས་པ་མ་ཟད། 《འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་སྒྲིག་ཡིག》གི་དོན་ཚན་སོ་བརྒྱད་པའི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་ཡང་བྱུང་བ་སྟེ། “རྩ་འཛུགས་དེའི་གཞུང་ཕྱོགས་སྐད་ཡིག་ནི་ཨ་རབ་ཡི་གེ་དང་། རྒྱ་ཡིག དབྱིན་ཡིག ཧྥ་རན་སེའི་ཡི་གེ ཨུ་རུ་སུའི་ཡི་གེ སི་ཕེན་གྱི་ཡི་གེ”བཅས་རེད། UNWTOསྲོལ་ཡིག་ནང་བཟོ་བཅོས་འཆར་ཟིན་དེ་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་རྗེས། ཁོངས་མིའི་རྒྱལ་ཁབ་2/3ཡན་གྱི་ཆོག་མཆན་ཐོབ་པའི་འགྲོ་ལུགས་གཉེར་རྗེས་གོ་ཆོད་ཅེས་གཏན་འབེབས་བྱས་ཡོད། 2021ལོའི་ཟླ་དང་པོར་བཟོ་བཅོས་འཆར་ཟིན་དེར་རྒྱལ་ཁབ་106གྱི་ཆོག་མཆན་ཐོབ་པ་དང་ཁྲིམས་གཏན་འཁེལ་བའི་གྲངས་འབོར་དང་མཐུན་ནས་བཟོ་བཅོས་འཆར་ཟིན་དངོས་སུ་གོ་ཆོད་ཡོད།