འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་26ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལཱེང་ཡན་གོ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་26ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བརྡ་ཁྱབ་བཏང་ནས་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཚྭ་འདམ་གཞོང་ས་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་དོན་ཨུ་ལྷན་གྱི་དེ་སྔའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་དེ་སྔའི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལཱེང་ཡན་གོས(ཐིང་རིམ་པ་རྒན་པ)འགན་འཁྲི་གང་བྱུང་དུ་སྤྱད་དེ་ལྐོག་རྔན་བླངས་པར་དོགས་གཞི་ཡོད་པའི་གྱོད་གཞིར་དམིགས་ནས་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་བྱས་ཚར་བས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་རྒྱག་རྒྱུར་རྩིས་སྤྲད་ཡོད་ཅེས་བརྗོད་པ་རེད།
   ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་འགན་འཁྲི་གང་བྱུང་དུ་སྤྱད་པའི་ཉེས་པ་དང་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་དམིགས་ནས་ལཱེང་ཡན་གོ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་གཞི་དེ་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།