འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་23ཉིན།

༄༅།།ངེས་ཤུགས་རྒྱུན་འཁྱོངས་ཀྱིས། གཏིང་ཤུགས་སྔོག་འདོན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་23ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཝང་མེ།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། གཏིང་ཤུགས་ཆེ་ཤོས་ནི་སྐྱེ་ཁམས་བཅས་རེད་ཅེས་བསྟན་གནང་ཡོད། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་མཐའ་འཁྱོངས་དང་། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཁོང་དུ་ནན་པོ་ཆུད་པ། འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་འགྱུར་བའི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྦགས་བཙོག་མེད་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞིར་བྱས་ཡོད། ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལག་ལེན་འཚོལ་ཞིབ་བྱེད་པ་ནི་མཚོ་སྔོན་གྱིས་སྔོ་ལྗང་འཕེལ་རྒྱས་བརྟན་པོར་སྲུང་བའི་མཚོན་བྱེད་རང་བཞིན་གྱི་ལས་དོན་གྱི་གྲས་ཤིག་རེད།
   མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཉི་ནུས་དང་། ཆུ་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པས་གསར་སྤེལ་འཛུགས་སྐྲུན་གྱི་ཆ་རྐྱེན་འཛོམས་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་ལམ་སྲོལ་དང་བྱེད་ཐབས་གསར་གཏོད་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་པར་བྱས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་གཅིག་སྡུད་འོད་ཤུགས་ཀྱི་གཞི་ཁྱོན་དང་། འོད་ཀྱི་ཚ་ནུས་གཞི་ཁྱོན། ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་བཅས་ཀྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་མཚོ་སྔོན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་རིམ་གྱིས་འགྱུར་བཞིན་ཡོད།
   ནུས་རྒྱུ་གཙང་མ་ལས་མཚོ་སྔོན་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད་ལ། རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཚེ་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པའང་ཡང་བསྐྱར་ར་སྤྲོད་ཐུབ་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཡག་པོ་དང་སྐྱེ་ཁམས་ཀྱི་ལེགས་ཆ་བཏོན་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བརྟན་པོའི་ངང་ཡར་རྒྱས་འགྲོ་ཐུབ།