འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་22ཉིན།

༄༅།།ཟླ་3ཚེས་15ཉིན་གྱི་སྔོན་དུ་ཉིང་སྐྱུར་གདགས་གཤིས་དཔང་ཡིག་མེད་ན་མེ་འཁོར་དུ་བསྡད་ནས་
པེ་ཅིང་དུ་འགྲོ་མི་ཆོག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་22ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་དྲན་སྐུལ་བྱེད་དོན། པེ་ཅིང་དུ་འགྲོ་འོང་བྱེད་མཁན་གྱིས་རྒྱལ་སའི་རིམས་ནད་སྔོན་འགོག་བླང་བྱར་དོ་ཁུར་བྱེད་དགོས་པ་སྟེ། ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་མི་སྣ་རྩ་དོན་ཐོག་པེ་ཅིང་དུ་ཡོང་མི་ཆོག་ཅིང་། ངེས་པར་དུ་པེ་ཅིང་ལ་ཡོང་དགོས་པའི་མི་སྣས་ས་གནས་དེ་གའི་ཞིང་ཆེན་རིམ་པའི་རིམས་ནད་སྔོན་འགོག་སྡེ་ཁག་གིས་ཆོག་མཆན་ཐོབ་དགོས་ཤིང་། ཆུ་ཚོད་72རིང་གི་ཉིང་སྐྱུར་གདགས་གཤིགས་དཔང་ཡིག་ཡོད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མི་སྣ་ཟླ་3ཚེས་15ཉིན་སྔོན་དུ། མེ་འཁོར་ལ་འདུག་མཁན་སྐུ་མགྲོན་གྱིས་སྤ་སེ་ཉོ་དུས་ཀྱི་དྲན་སྐུལ་ལྟར། པེ་ཅིང་དུ་མ་སླེབས་གོང་གི་ཉིན་7རིང་གི་ཉིང་སྐྱུར་གདགས་གཤིས་་དཔང་ཡིག་བཟུང་ཏེ་མེ་འཁོར་བསྡད་ནས་པེ་ཅིང་དུ་ཡོང་དགོས། གོ་ཆོད་པའི་ཉིང་སྐྱུར་གདགས་གཤིས་དཔང་ཡིག་མེད་པའི་པེ་ཅིང་དུ་ཡོང་མཁན་སྐུ་མགྲོན་ནི་སྤ་སེ་ཞིབ་བཤེར་དང་མེ་འཁོར་ལ་བསྡད་མི་ཆོག་ཅིང་། སྤ་སེ་ཕྱིར་སློག་པའམ་དུས་ཚོད་བསྒྱུར་ཆོག ཧོ་པེ་ཞིང་ཆེན་ཉེན་ཁ་ཆུང་བའི་ས་ཁུལ་ནས་པེ་ཅིང་དུ་ལོག་པའི་མི་སྣ་དང་པེ་ཅིང་མཐའ་སྐོར་ས་ཁུལ་གྱི་ལས་བྱེད་མི་སྣས། ད་ལྟའི་པེ་ཅིང་དུ་འགྲོ་འོང་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་ལ་གཞིགས་དགོས།