འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་22ཉིན།

༄༅།།ཀྲུང་གོ་སྲིད་གཞུང་གིས་མོང་ཁྲེ་ནེ་ཀེ་རུར་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཞལ་འདེབས་རྒྱག་རྒྱུའི་གཏན་འཁེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་22ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། གསར་འགོད་པར་མོང་ཁྲེ་ནེ་ཀེ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་སྲིད་གཞུང་གིས་ཉེ་དུས་མོང་ཁྲེ་ནེ་ཀེ་རུར་ཏོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་ཞལ་འདེབས་བརྒྱབ་ནས་མོང་ཁྲེ་ནེ་ཀེ་རུས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པར་རམ་འདེགས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
   མོང་ཁྲེ་ནེ་ཀེ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་མོང་རྒྱལ་ཁབ་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་ཟོལ་མེད་ཀྱི་རོགས་རེས་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ཡོད། མོང་ཁྲེ་ནེ་ཀེ་རུའི་མི་དམངས་ཀྱི་གྲོགས་པོའི་ངོས་ནས། ཀྲུང་གོས་མོང་ཁྲེ་ནེ་ཀེ་རུ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་འདོད་ཡོད། ང་ཚོས་མོང་ཁྲེ་ནེ་ཀེ་རུའི་མི་དམངས་རྣམས་རིམས་ནད་ལས་རྣམ་པར་རྒྱལ་ནས་དཔལ་འབྱོར་འཕེལ་རྒྱས་སླར་གསོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ་ཡིད་ཆེས་ཀྱང་ཆེན་པོ་ཡོད་ཅེས་བརྗོད།