འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་21ཉིན།

༄༅།།མཁའ་དབྱིངས་ནས་ཆབ་མདོ་གྲོང་ཁྱེར་ལ་བལྟ་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་20ཉིན། 17:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཁའ་དབྱིངས་ནས་ཆབ་མདོ་གྲོང་ཁྱེར་ལ་བལྟ་བ།
   མི་དམངས་དྲ་བའི་འཕྲིན།  ཆབ་མདོ་ནི་བོད་ལྗོངས་ཤར་ཕྱོགས་སུ་གནས་ཤིང་། མཚོ་སྔོན་དང་སི་ཁྲོན། ཡུན་ནན་བཅས་དང་ས་འབྲེལ་ཡོད། འཕྲེད་རྒྱུག་རི་བོ་དང་ཆུ་གསུམ(འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ)འབབ་ཁོངས་སུ་ཆགས་ཡོད་པས། རང་བྱུང་མཛེས་ལྗོངས་དང་མི་ཆོས་ཀྱི་མཛེས་སྡུག་ཕུན་སུམ་ཚོགས་ཤིང་། སྔར་ནས་“བོད་ཤར་ཕྱོགས་ཀྱི་མུ་ཏིག”ཅེས་པའི་མཚན་སྙན་ཡོད། 
   དེ་སྔའི་ཆབ་མདོ་ནི་ཁང་པ་ཐོག་དཔངས་དམའ་ལ། ལམ་ཁ་འདམ་རྫབ་ཆེ་བ་དང་འཕེལ་རྒྱས་རྗེས་སུ་ལུས་པ་ཞིག་ཡིན། ལོ་བཅུ་ལྷག་གི་འཕེལ་རྒྱས་སོང་རྗེས། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་སྟེ། གྲོང་ཁུལ་དུ་ཐོག་རྩེག་ཁང་ཆེན་མང་བ་དང་།  ཁྲོམ་གཞུང་་དུ་མི་ཚོགས་དང་འཁོར་རིགས་མང་བ། འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ཡོད་པས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ཆབ་མདོ་གསར་པ་ཞིག་ས་མཐོའི་རོང་ཤུར་དུ་འགྱིང་ངེར་གནས་ཡོད།
【1】  【2】
༄༅།།མཁའ་དབྱིངས་ནས་ཆབ་མདོ་གྲོང་ཁྱེར་ལ་བལྟ་བ།