འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་20ཉིན།

༄༅།།མཐོ་རྒྱུགས་ཀྱི་དུས་ཚོད་གཏན་འཁེལ་བྱེད་འདུག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་20ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་ཡིས《2021ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ལས་དོན་སྐོར་གྱི་གཏན་འབེབས》 (གཤམ་དུ་བསྡུས་མིང་ལ《གཏན་འབེབས》ཞེས་བརྗོད་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། 《གཏན་འབེབས》ནང་ཟླ་6ཚེས་7ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་བྱེད་འགོ་ཚུགས་རྒྱུ་དང་། ཞིབ་ཕྲའི་སློབ་ཚན་རྒྱུགས་ལེན་དུས་ཚོད་བཀོད་སྒྲིག་བྱས་པ་སྟེ། ཟླ་6ཚེས་7ཉིན་གྱི་ཆུ་ཚོད་9:00ནས་11:30བར་རྒྱ་ཡིག་དང་རྒྱུགས་ལེན་རྒྱུ་དང་། ཆུ་ཚོད་15:00ནས་17:00བར་གྲངས་རིག་རྒྱུགས་ལེན་རྒྱུ།  ཟླ་6ཚེས་8ཉིན་གྱི་ཆུ་ཚོད་9:00ནས་11:30བར་རིག་ཚན་ཕྱོགས་བསྡུས་དང་རྩིས་ཚན་ཕྱོགས་བསྡུས་རྒྱུགས་ལེན་རྒྱུ། 15:00ནས་17:00བར་ཕྱི་རྒྱལ་གྱི་སྐད་ཡིག་རྒྱུགས་ལེན་རྒྱུ་དང་། ཕྱི་སྐད་ཉན་ནུས་ཀྱི་རྒྱུགས་ལེན་ནང་དོན་ཡོད་རིགས་ཕྱི་སྐད་ཡིག་རྒྱུགས་མ་བྱས་གོང་བཀོད་སྒྲིག་བྱེད་དགོས།
   《གཏན་འབེབས》ལ་གཞིགས་ན། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཞིང་ཆེན་གྱིས་སློབ་གསོ་པུའུ་ཡི་ཡིག་རྒྱུགས་ལྟེ་གནས་ཀྱི་ཁ་བྱང་སྤྱད་དེ་ཕྱི་རྒྱལ་གྱི་སྐད་རིགས“ལོ་གཅིག་ལ་ཡིག་རྒྱུགས་གཉིས”ལག་ལེན་བསྟར་བྱེད་པའི་ཡིག་རྒྱུགས་ཏེ། ཡིག་རྒྱུུགས་དང་པོའི་དུས་ཚོད་ནི་ཟླ་1ཚེས་8ཉིན་ཡིན་པ་རེད། ཡིག་རྒྱུགས་ཆ་ཚང་བཏང་བའི་རྒྱུགས་གཞིའི(ཉན་ནུས་ཀྱི་ཁག་དང་ཡིག་རྒྱུགས་ཁག་ཚུད་ཡོད)ཡིག་རྒྱུགས་ཀྱི་དུས་ཚོད་ནི་9:00ནས་11:00བར་ཡིན་ཞིང་། ཉན་ནུས་ཀྱི་རྒྱུགས་ལེན་དེ་ཡིག་རྒྱུགས་མ་བྱས་གོང་བཀོད་སྒྲིག་བྱེད་དགོས། ཕྱི་རྒྱལ་སྐད་ཀྱི་ཉན་ནུས་ཁག་གཅིག་ཁོ་ན་སྤྱད་ནས་ཡིག་རྒྱུགས་སྒྲིག་འཛུགས་བྱེད་མཁན་ལ་ཡིག་རྒྱུགས་ཀྱི་དུས་ཚོད་ཆུ་ཚོད་9:00ནས་འགོ་ཚུགས་རྒྱུ་དང་ཆུ་ཚོད་11:00ཐོག་མཇུག་འགྲིལ་རྒྱུ་རེད།(ཡིག་རྒྱུགས་ལས་དོན་གྱི་ལག་བསྟར་ཞིབ་སྲོལ་ཟུར་དུ་བརྡ་ཐོ་གཏོང་རྒྱུ) ཡིག་རྒྱུགས་ཐེངས་གཉིས་པ་ནི་ཟླ་6ཚེས་8ཉིན་རེད། ཟླ་6ཚེས་8ཉིན་གྱི་ཡིག་རྒྱུགས་ཕུད་པའི་ཡིག་རྒྱུགས་དུས་ཚོད་གཞན་ཞིག་རང་གིས་བཀོད་སྒྲིག་བྱེད་ཆོག་གི་ཡོད་པ་རེད། ཕྱི་སྐད་ཆེད་ལས་ཀྱི་རྒྱུགས་སྤྲོད་སློབ་མ་ཞིང་ཆེན་རིམ་པའི་སློབ་བསྡུ་གཞུང་དོན་ཁང་གིས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་པའི་ཕྱི་སྐད་ཡིག་རྒྱུགས་ནང་ཞུགས་དགོས།