འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་20ཉིན།

༄༅།། ཨ་རི《ཕ་རི་སིའི་གྲོས་མཐུན》ནང་དངོས་སུ་ཕྱིར་ལོག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་20ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།། ཨ་རི《ཕ་རི་སིའི་གྲོས་མཐུན》ནང་དངོས་སུ་ཕྱིར་ལོག
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས། ཨ་རི་ཉིན་དེ་རིང་ནས《ཕ་རི་སིའི་གྲོས་མཐུན》ནང་སླར་ཡང་ཞུགས་ཡོད་ཅེས་བཤད། 
   ཉིན་དེར་པུའུ་ལིན་ཁེན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང《ཕ་རི་སིའི་གྲོས་མཐུན》ནི“སྔར་བྱུང་མ་མྱོང་བའི་གོ་ལ་ཧྲིལ་བོའི་བྱ་སྤྱོད་ཀྱི་སྒྲོམ་གཞི”ཞིག་ཡིན་པ་དང་། གྲོས་ཆོད་དེས་གེགས་བར་རང་བཞིན་གྱི་སའི་གོ་ལ་དྲོ་རུ་འགྲོ་རྒྱུ་སྔོན་འགོག་བྱ་རྒྱུར་ཕན་ཐོགས་ཡོད་པར་མ་ཟད། གོ་ལ་ཧྲིལ་བོའི་ཁྱབ་ཁོངས་ནང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུ་རེད་ཅེས་བཤད། 
   པུའུ་ལིན་ཁེན་གྱིས་གནམ་གཤིས་འགྱུར་ལྡོག་དང་ཚན་རིག་ཕྱི་འབྲེལ་ནི་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་གྲོས་བསྡུར་ཁྲོད་ཀྱི“ཞོར་གཏོགས་དངོས་པོ”ཞིག་མིན། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་དངོས་ཡོད་འཇིགས་སྐུལ་ལ་ཁ་གཏད་གཅོག་པ་དང་ཚན་རིག་མཁས་ཅན་གྱི་གྲོས་འགོ་ཉན་རྒྱུ་དེ་ནི་ཨ་རིའི་ནང་སྲིད་ཕྱི་འབྲེལ་སྲིད་ཇུས་ཀྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་ཞེས་བཤད། 
   ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཉིན་དེར་མུའུ་ཉི་ཧེ་བདེ་འཇགས་ཚོགས་འདུ་དྲ་ལམ་གྱི་དམིགས་བསལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། ཁོང་གིས་ཟླ་4ཚེས་22ཉིན་འཛམ་གླིང་སའི་གོ་ལའི་ཉིན་མོར་གནམ་གཤིས་གནད་དོན་སྐོར་གྱི་དབུ་ཚོགས་གཙོ་སྐྱོང་བྱས་ནས། ཨ་རི་ཚུད་པའི་དྲོད་ཁང་རླངས་གཟུགས་འབུད་པའི་རྒྱལ་ཁབ་གཙོ་བོར་སྔར་བས་བློ་སྟོབས་ཆེ་བའི་བྱེད་ཐབས་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། 
   ཟླ་1ཚེས་20ཉིན་པའེ་ཏེང་གིས་ཙུང་ཐུང་གི་འགན་འཁུར་བའི་ཉིན་དང་པོར་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས། ཨ་རི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་མཐུན》ནང་བསྐྱར་དུ་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་2017ལོའི་ཟླ་6པར་ཨ་རི《ཕ་རི་སིའི་གྲོས་ཆོད》ནས་ཕྱིར་འཐེན་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། གྲོས་ཆོད་དེ་ནི་ཨ་རིར་དཀའ་གནད་ཆེ་བའི་ནོར་སྲིད་དང་དཔལ་འབྱོར་གྱི་ཁུར་པོ་འཁྱེར་བཞིན་ཡོད་བཤད། 2020ལོའི་ཟླ་11ཚེས་4ཉིན་ཨ་རིས་གྲོས་ཆོད་དེ་དངོས་སུ་ཕྱིར་འཐེན་བྱས་པ་རེད། བྱེད་སྟངས་དེར་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་མང་བོ་བྱས་པ་རེད། 
༄༅།། ཨ་རི《ཕ་རི་སིའི་གྲོས་མཐུན》ནང་དངོས་སུ་ཕྱིར་ལོག