འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་20ཉིན།

༄༅།།ཁ་ན་ཏ་དང་ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས་ཀྱིས་སྔོན་རིགས་རྒྱུད་རྩ་མེད་བཏང་མྱངས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་20ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁ་ན་ཏ་དང་ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས་ཀྱིས་སྔོན་རིགས་རྒྱུད་རྩ་མེད་བཏང་མྱངས།
   མི་དམངས་དྲ་བའི་འཕྲིན། ཁ་ན་ཏ་དང་ཨ་རི། ཨོ་སི་ཁྲུ་ལི་ཡའི་མི་ཁ་ཤས་ཀྱིས་རྒྱུན་ཆད་མེད་པ་ཤིན་ཅང་དང་འབྲེལ་བ་ཡོད་པའི་འཆལ་གཏམ་བཟོ་བ་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཁོང་ཚོས་འཆལ་གཏམ་བཤད་ཐེངས་རེར། འཛམ་གླིང་གི་མི་རྣམས་ཀྱིས་ཁོང་ཚོ་ཤེས་རྟོགས་མེད་པ་དང་ཁུངས་ལུང་མེད་པ་དེ་སྔར་བས་གསལ་པོ་མཐོང་ཐུབ། ཁོ་ཚོས་རང་བསྟོད་བྱེད་པའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྔར་བས་མདོག་ཡལ་བ་བྱེད། རིགས་རྒྱུད་རྩ་མེད་གཏོང་བ་ནི་ཁ་ན་ཏ་དང་ཨ་རི། ཨོ་སི་ཁྲུ་ལི་ཡ་སོགས་ཀྱི་རྒྱལ་ཁབ་ཏུ་སྔོན་ཆད་དངོས་སུ་བྱུང་མྱངས་བ་རེད། དུས་རབས་གོང་མའི་ལོ་རབས་70པའི་ནང་དུ། ཁ་ན་ཏ་སྲིད་གཞུང་གིས་གདོད་མའི་མི་སེར་རང་འདྲར་སྒྱུར་བའི་ལས་དོན་གཞུང་ཕྱོགས་ཀྱི་གྲོས་རིམ་ནང་དུ་བཅུག་ནས་དབྱིན་ཏི་ཨན་གྱི་རིགས་རྒྱུད་ཡོད་ཚད་བསད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད། ཨ་རིས་ནུབ་ཕྱོགས་སུ་སྐྱོད་པའི་ལས་འགུལ་བརྒྱུད་ནས་དབྱིན་ཏི་ཨན་མཐར་སྐྲོད་དང་དམར་གསོད་ཆེན་པོ་བྱས་ཡོད། ཨོ་སི་ཁྲུ་ལི་ཡས་སྔོན་ཆད་སྐད་གྲགས་ཆེ་བའི་པེ་ཨའོ་ཡི་སྲིད་ཇུས་ཞེས་པ་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་མི་སེར་རྣམས་རྩ་མེད་དུ་བཏང་ཡོད། ནུབ་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་རང་ཉིད་མཐོ་ས་དང་དགེ་རྒན་གྱི་ཚུལ་དུ་ཀྲུང་གོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུར་དགའ་པོ་ཡོད།  “དུས་ནམ་ཞིག་དང་། རྒྱལ་ཁབ་གང་ཞིག་དང་། སྤྱི་ཚོགས་གང་ཞིག་ཡིན་རུང་། ཐོག་མར་འགན་སྲུང་བྱ་དགོས་པའི་འགྲོ་བ་མིའི་ཐོབ་ཐང་ནི་མི་རེ་རེའི་ཚེ་སྲོག་གི་དབང་ཆ་དང་བདེ་ཐང་གི་དབང་ཆ་ཡིན་པས། མི་རེ་རེའི་རིན་ཐང་དང་ལ་རྒྱར་སྲུང་སྐྱོང་བྱ་དགོས། ཟས་གོས་འདང་བ་དང་། འཁྱག་ལྟོགས་མི་ཐེབས་པ། འཚོ་བ་ལྷིང་འཇགས་སུ་གནས་པ་བཅས་ནི་ད་གཟོད་ཆེས་དངོས་འབྲེལ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད།”ཅེས་བཤད།