འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་19ཉིན།

༄༅།།སྣུམ་སྒམ་གང་ལ་སྔར་ལས་སྒོར་10ལྷག་མང་དུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་19ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྣུམ་སྒམ་གང་ལ་སྔར་ལས་སྒོར་10ལྷག་མང་དུ་གཏོང་དགོས།
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་བསྟན་དོན། ཉེ་ཆར་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་འཕར་ཆག་མང་བའི་གནས་ཚུལ་གཞིར་བཟུང་ད་ལྟ་སྤྱོད་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ཆགས་པའི་ལམ་སྲོལ་ལ་གཞིགས་ཏེ། 2021ལོའི་ཟླ་2ཚེས་18ཉིན་གྱི་ཆུ་ཚོད་24པ་ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་སོ་སོའི་ཏུན་རེའི་རིན་གོང་ལ་སྒོར་275དང་265མཐོ་རུ་གཏོང་རྒྱུ་ཡིན། 
འདི་ནི་2020ལོའི་ཟླ་11ཚེས་19ཉིན་ནས་བཟུང་བསྟུད་མར་ཐེངས་བདུན་ལ་འཕར་བ་རེད། ཐེངས་འདིའི་རིན་གོང་སྙོམས་སྒྲིག་བྱས་རྗེས་ཧྲེང་དུ་ཕབ་ན་ཧྲེང་རེར་སྒོར་ཟུར་2ལྷག་འཕར་ཡོད། སྣུམ་སྒམ་གང་གི་ཤོང་ཚད་ཧྲེང་50ཡིན་པར་ཆ་བཞག་ན། སྣུམ་སྒམ་གང་བསྣན་ན་སྔར་ལས་སྒོར་10ལྷག་མང་དུ་གཏོང་དགོས།
༄༅།།སྣུམ་སྒམ་གང་ལ་སྔར་ལས་སྒོར་10ལྷག་མང་དུ་གཏོང་དགོས།