འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་18ཉིན།

༄༅།།ཨའོ་པ་མ་བཟའ་ཟླ་གཉིས་ཀྱིས་གློག་བརྙན་མང་པོ་ཞིག་ཕབ་སྐྲུན་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་18ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་17ཉིན། ལུའུ་ཐུའུ་གསར་འགྱུར་ཁང་ལའོ་ཧྲང་ཅི་ནས་ཟླ་2ཚེས་5ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཙུང་ཐུང་ཟུར་པ་ཨའོ་པ་མ་དང་སྐུ་ཟླའི་པར་སྐྲུན་ཀུའུ་སིས་གཟའ་པ་སངས་ཉིན་ཁྱབ་བསྒྲགས་བྱེད་དོན། ནའེ་ཧྥེ་ཀུང་སི་ལ་གློག་བརྙན་6བསྐྲུན་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་རིགས་མི་འདྲ་བའི་བརྩེ་དུང་གློག་བརྙན་དང་འཇིགས་སྐུལ་གློག་བརྙན་འདུས་ཡོད། 
   ནའེ་ཧྥེ་ཀུང་སིའི་སྤེལ་བའི་གསལ་བསྒྲགས་ནང་དུ། ཨའོ་པ་མ་བཟའ་ཟླ་གཉིས་ཀྱི་ཀའོ་ཏི་པར་སྐྲུན་ཀུང་སིས་ཕ་ཁི་སི་ཐན་རིགས་རྒྱུད་ཀྱི་དབྱིན་ཇིའི་རྩོམ་པ་པོ་མུའུ་ཧོ་ཞི་·ཧ་མི་དེའི་སྒྲུང་ཐུང་《ནུབ་ཕྱོགས་སུ་བྲོས》ཞེས་པ་དེ་གློག་བརྙན་དུ་ཕབ་རྒྱུ་རེད། སྒྲུང་ཐུང་ནང་ན་གཞོན་བཟའ་ཟླ་གཉིས་ཀྱི་གཏམ་རྒྱུད་བརྗོད་ཡོད་པ་སྟེ། ཁོང་གཉིས་ཀྱིས་རང་ཉིད་ས་ཆ་གཞན་པར་སྐྱེལ་ཐུབ་པའི་ངོ་མཚར་ཆེ་བའི་སྒོ་ཆེན་རྙེད་ནས། གོ་ལ་ཧྲིལ་པོ་ཉམ་ཐག་མི་འཁྱར་ཉམས་ཉེ་བྱུང་དུས་ས་ཆ་དེ་ཚོར་བསྐྱོད་ཐུབ་པ་དེ་བརྗོད་ཡོད། 
   གློག་བརྙན་གཞན་ད་དུང་《འཁོར་སྐར》ཞེས་པའི་ཚན་རྩལ་གློག་བརྙན་དང་། ད་དུང《བསྟན་འཛིན》ཞེས་པའི་གློག་བརྙན་ཏེ། ནེ་པ་ལའི་སྐྱེས་པ་བསྟན་འཛིན་དང་ནེའུ་ཙི་ལན་གྱི་སྐུ་དྲག་ཨའེ་དེ་མུན་·ཞི་ལ་ལི་གཉིས་ཐེངས་དང་པོར་ཇོ་མོ་གླང་མར་འཛེགས་པའི་གཏམ་བརྒྱུད་བརྗོད་ཡོད། 《ན་གཞོན་གྱི་ཆུང་མ》ཞེས་པ་ནི་གཏམ་རྒྱུད་བརྗོད་པའི་གློག་བརྙན་ཞིག་རེད། 
   ནའེ་ཧྥེ་ཀུང་སི་ཡིས། གློག་བརྙན་གསར་པ་འདི་ཚོ་ནི་མ་འོངས་པའི་ལོ་འགའི་ནང་སྤེལ་རྒྱུ་ཡིན་པ་བརྗོད། ཨའོ་པ་མ་བཟའ་ཟླ་གཉིས་ཀྱིས་2018ལོར་ནའེ་ཧྥེ་ཀུང་སི་དང་ལོ་མང་བོའི་ཕབ་སྐྲུན་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད།