འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་10ཉིན།

༄༅།།བསྟན་ཁོ་སོགས་ཏང་ཕྱིའི་མི་སྣ་དང་རྒྱལ་གཅེས་ཆོས་ལུགས་མི་སྣ། རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་
ཟླར་འཚམས་འདྲིར་ཕེབས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་10ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བསྟན་ཁོ་སོགས་ཏང་ཕྱིའི་མི་སྣ་དང་རྒྱལ་གཅེས་ཆོས་ལུགས་མི་སྣ། རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་
ཟླར་འཚམས་འདྲིར་ཕེབས།
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་ཉེ་བའི་མཚམས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོ་ཉེ་ཆར་ལྷ་སར་ཡོད་པའི་ཞིང་ཆེན་རིམ་པའི་ཏང་ཕྱིའི་འགོ་ཁྲིད་མི་སྣ་དང་ཆོས་ལུགས་འཐུས་ཚབ་མི་སྣ། རྒྱལ་ནང་དུ་ལོག་ནས་གཏན་སྡོད་བོད་རིགས་སྤུན་ཟླ་བཅས་ལ་འཚམས་འདྲིར་ཕེབས་ནས་ཁོང་རྣམས་ལ་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལའེ་ཀུའེ་ལུང་སོགས་མཉམ་དུ་ཕེབས་ཡོད། 
    བསྟན་ཁོ་སོགས་སྔ་གཞུག་ཏུ་པ་སངས་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ཤིང་རྩ་བསྟན་འཛིན་ཆོས་གྲགས། རྡོ་རྗེ་བྲག་འཇམ་དཔལ་བློ་བཟང་སོགས་ལྷ་སའི་ལས་འཁྱུར་ངལ་གསོ་ཞུས་མཁན་དང་། ཏང་ཕྱིའི་ཞིང་ཆེན་རིམ་པའི་འགོ་ཁྲིད་མི་སྣའི་ཁྱིམ་དུ་ཕེབས་པ་དང་། ཏང་ཕྱིའི་འཐུས་མི་དང་འབྲི་གུང་ཆུང་ཚང་བློ་བཟང་བྱམས་པ་དང་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱེད་མཁན་ཤར་སྒོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་སོགས་ལ་འཚམས་འདྲི་ཞུས་པ་རེད། 
   འཚམས་འདྲིར་ཕེབས་པའི་གོ་རིམ་ཁྲོད་དུ། བསྟན་ཁོ་ཡིས་ཁོང་ཚོའི་གཟུགས་པོ་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་འདྲི་ཞིབ་གནང་བ་དང་། ཁོང་ཚོར་རྒྱལ་གཅེས་དང་ཆོས་གཅེས་རྒྱུན་འཁྱོངས་དང་། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་སྐུལ་འདེད་ལ་ཧུར་ཐག་དང་ལེགས་སྐྱེལ་ཕུལ་བར་ཐུགས་རྗེ་ཆེ་ཞུས། 
   ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ཀྱིས་ཁྱིམ་དུ་ལོ་གསར་གྱི་མཁོ་ཆས་ཡག་པོ་ཉོས་པའི“ཁ་ཟས”བཏོན་ནས“དེ་སྔ་དུད་ཚང་ཆེན་པོར་མ་གཏོགས་ལོ་གསར་གྱི་མཁོ་ཆས་འདི་འདྲ་མེད། ད་ཆ་ལྷ་སའི་ཁྲོམ་གཞུང་གང་སར་ཉོ་རྒྱུ་ཡོད་པས་མི་སེར་གྱི་འཚོ་བ་ཉིནརེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་གསུངས། 
  བསྟན་ཁོས་ཏང་ཕྱིའི་མི་སྣས་སྲིད་ཞུགས་སྲིད་གྲོས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སེམས་ནུས་གཅིག་སྒྲིལ་གྱིས་བོད་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། དེ་དང་ཆབས་ཅིག་ཁོང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཐུན་མོང་ཐོག་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་གཏོད་དགོས་པའི་ཐུགས་རེ་གནང་བ་རེད། 
༄༅།།བསྟན་ཁོ་སོགས་ཏང་ཕྱིའི་མི་སྣ་དང་རྒྱལ་གཅེས་ཆོས་ལུགས་མི་སྣ། རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་
ཟླར་འཚམས་འདྲིར་ཕེབས།