འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་9ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་53ལ་རིམས་འགོག་སྨན་ཁབ་
རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་09ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོས་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་པའི་འཕེལ་རིམ་གསར་ཤོས་ངོ་སྤྲོད་བྱས་པ་རེད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་53ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པ་དང་། རྒྱལ་ཁབ་22ལ་རིམས་འགོག་སྨན་ཁབ་ཕྱིར་གཏོང་བྱས་དང་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
   ཝང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསལ་བསྒྲགས་གལ་ཆེན་ལག་ལེན་ཏན་ཏིག་བསྟར་ནས། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་བེད་སྤྱོད་བཏང་རྗེས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཤིག་ཏུ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་རིམས་འགོག་སྨན་ཁབ་དུས་ཐོག་ཏུ་སྤྱོད་ཐུབ་པ་དང་མཁོ་འདོན་བྱེད་ཐུབ་པར་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་53ལ་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པ་དང་། རྒྱལ་ཁབ་22ལ་རིམས་འགོག་སྨན་ཁབ་ཕྱིར་གཏོང་བྱས་དང་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི“ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིར”ཧུར་ཐག་ཞུགས་ཏེ“ལག་བསྟར་འཆར་གཞིར”འགོག་ཁབ་ཁྲི་1000མཁོ་འདོན་བྱ་རྒྱུའི་ཆོད་དོན་བཞག་པ་སྟེ། གཙོ་བོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྤྱོད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་གི་ཁེ་ལས་དང་ཕྱི་རྒྱལ་གྱི་མཉམ་ལས་རོགས་ཟླའི་དབར་རིམས་འགོག་སྨན་ཁབ་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་དང་མཉམ་ལས་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་འཕྲལ་དུ་རིམས་འགོག་སྨན་ཁབ་འཐོབ་འདོད་པ་དང་། ཀྲུང་གོའི་རིམས་འགོག་སྨན་ཁབ་ལ་ཁས་ལེན་བྱེད་པ། རང་རྒྱལ་ཁབ་ཏུ་ཀྲུང་གོའི་རིམས་འགོག་སྨན་ཁབ་འཕྲལ་དུ་སྤྱོད་དབང་བཅོལ་མཁན་བཅས་ཀྱི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་ཕྱིར་གཏོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་གཞན་དག་གི་རིམས་འགོག་སྨན་ཁབ་ཁེ་ལས་ཀྱིས་ཀྲུང་གོར་ཐོན་རྫས་ལས་སྣོན་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་མཁོ་འདོན་བྱེད་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ཀྱང་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
   ཝང་ཝུན་པིན་གྱིས་ཕ་ཁི་སི་ཐན་ལ་རོགས་སྐྱོར་རིམས་འགོག་སྨན་ཁབ་ཐོག་མ་དེ་སྤྲད་རྗེས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེར་དང་ལོ་སིར་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་དེ་ཚེས་7དང་ཚེས་8ཉིན་སོ་སོར་རྒྱལ་ཁབ་གཉིས་པོར་འབྱོར་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀུའི་ནེ་ཡར་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་ཁག་གཅིག་ཚེས་9ཉིན་དབོར་འདྲེན་བྱེད་པར་རྩིས་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུར་ཕྱིར་གཏོང་བྱས་པའི་རིམས་འགོག་སྨན་ཁབ་ཁག་དང་པོ་ཡང་ཚེས་8ཉིན་དེར་འབྱོར་ཡོད། ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་ད་དུང་རྒྱལ་ཁབ་གཞན་དག་ལ་རིམས་འགོག་སྨན་ཁབ་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་རྩིས་སྤྲོད་བྱ་རྒྱུཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་སྨན་ཁབ་མཁོ་འདོན་བྱས་པར་འབྲེལ་ཡོད་རྒྱལ་ཁབ་དང་སྲིད་གཞུང་གིས་ཐུགས་རྗེ་ཆེ་ཞུས་པ་རེད།