འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་9ཉིན།

༄༅།།རྒྱ་གར་བྱང་རྒྱུད་དུ་འཁྱགས་རོམ་ཆག་གས་བྱུང་ཚུལ་སྐོར། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་09ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་གར་བྱང་རྒྱུད་དུ་འཁྱགས་རོམ་ཆག་གས་བྱུང་ཚུལ་སྐོར།
   མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། རྒྱ་གར་བྱང་རྒྱུད་ཀྱི་ཨ་ཁེན་ཏེ་མངའ་སྡེའི་ཉེན་རྟོག་པའི་སྤྱི་ཁྱབ་ལྟ་ཞིབ་པ་ཨ་ཤའོ་ཁེ་ཁུའུ་མར་གྱིས་ཚེས་8ཉིན་ས་གནས་དེ་གའི་འཁྱགས་རོམ་ཆག་གས་བྱུང་ནས་ཚེ་འདས་མི་གྲངས་26བར་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད། 
   ཁུའུ་མར་གྱིས་དྲ་ཐོག་ཏུ་ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་ཆུ་ཚོད་20བར་རོགས་སྐྱོབ་མི་སྣས་གནོད་འཚེ་ཕོག་ཡུལ་ནས་རྐྱེན་ལམ་དུ་ཤོར་བའི་ཕུང་པོ་26རྙེད་པ་དང་། མིག་སྔར་སྔར་བཞིན་མི་171གར་སོང་ཆ་མེད་དུ་གྱུར་ཞིང་། དེའི་ནང་མི་བཅུ་ལྷག་ཕུག་ལམ་ནང་ལུས་ཡོད་ཅེས་བཤད་པ་རེད། 
   གཞན་ཡང་ས་གནས་དེ་གའི་གནོད་འཚེ་དོ་དམ་སྡེ་ཁག་གིས་བཤད་པ་ལྟར་ན། མིག་སྔར་མི་27བསྐྱབས་ཐུབ་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་དང་ས་གནས་གེགས་སེལ་འཕྲལ་སྡོམ་དཔུང་སྡེ་དང་། ཉེན་རྟོག་པ། སྐམ་དམག་སོགས་ལས་གྲུབ་པའི་མཉམ་འབྲེལ་རོགས་སྐྱོབ་རུ་ཁག་གིས་མཚན་མོ་དེ་རང་དུ་ལས་དོན་སྤེལ་ནས་ཕུག་ལམ་ནང་ལུས་པའི་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད། 
   ཉིན་དེར་བྱང་རྒྱུད་ཀྱི་ཨ་ཁེན་ཏེ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ལ་ཝ་ཐེས་རོགས་སྐྱོབ་ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་ནས། ད་ཐེངས་ཀྱི་རོགས་སྐྱོབ་བྱ་སྤྱོད་ཐད་ལ་གེགས་སེལ་འཕྲལ་སྡོམ་ཐེབས་རྩ་ནས་ལུའུ་པི་དུང་ཕྱུར་2(ཨ་སྒོར་ཁྲི་274ཙམ)གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།