འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་10ཉིན།

༄༅།།ཡིའུ་ཆོན་གྱིས་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་གནང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་09ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་བ་རེད། 
    ཡིའུ་ཆོན་གྱིས་པཎ་ཆེན་དང་བོད་བརྒྱུད་ནང་བསྟན་གྱི་མི་སྣ་ལ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། པཎ་ཆེན་ལ་ཕྱོགས་སོ་སོའི་ཐད་དུ་གྲུབ་འབྲས་ཐོབ་པར་ཡིའུ་ཆོན་གྱིས་ཁས་ལེན་གནང་བ་དང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཟབ་མོ་བྱས་ནས། རང་རྟོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་། གོམ་གང་མདུན་སྤོས་ངང་ཆོས་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ནང་བསྟན་གྱི་ཡོན་ཚད་དང་ཉམས་ལེན་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་འཇོག་པའི་རེ་བ་བཏོན།
    པཎ་ཆེན་རིན་པོ་ཆེས་ཡིའུ་ཆོན་ལ་ཁ་དར་ཕུལ་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ནས། ཉམས་ལེན་ཟབ་མོ་བྱེད་པ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་ཏེ། མཐའ་གཅིག་ཏུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྐྱིད་བཅས་ཡོང་བར་ནུས་ཤུགས་འདོན་རྒྱུ་ཡིན་པ་བསྟན།