འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་9ཉིན།

༄༅།།འདི་ལོ་བོད་ཀྱིས་བྱ་ཐབས་ཆེན་པོ་ལྔ་སྤྱད་དེ་ཞིང་འབྲོག་པ་ཁྲི་70 ལས་ཞུགས་གཞན་སྒྱུར་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་09ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོར་བོད་ཀྱིས་ཐོན་ལས་ལ་ལས་ཞུགས་བསྡུ་ལེན་དང་། རྣམ་གྲངས་དོན་འཁྱོལ་ལ་ལས་ཞུགས་བསྡུ་ལེན། “སྦྱོང་བརྡར་གྱིས་ལས་ཀའི་ཚབ་བྱས་ནས”ལས་ཞུགས་ལ་སྐུལ་སྤེལ། ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར། རྟེན་གཞིར་བརྟེན་ནས་ལས་ཞུགས་བརྟན་པོར་སྐུལ་འདེད་བཅས་ཀྱི་བྱ་ཐབས་ཆེན་པོ་ལྔ་སྤྱད་དེ་ཞིང་འབྲོག་པ་ཁྲི་70ལ་ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར་50ཡན་ཟིན་པ་བྱ་རྒྱུ་རེད།
   ལོ་མང་རིང་། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ནི་བོད་ཀྱི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ཅིག་རེད། འདི་ལོར་བོད་ཀྱིས་རྣམ་གྲངས་ཀྱི་མ་དངུལ་འཇོག་པ་དང་ཁྱད་ལྡན་ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱེད་རིང་སྒོར་ཁྲི་400མན་གྱི་སྲིད་གཞུང་གི་མ་དངུལ་བཏང་བའི་རྣམ་གྲངས་དང“གུད་གསབ་ལས་སྤྲོད”ཀྱི་རྣམ་གྲངས་ཐོབ་ཐང་ཡོད་པའི་ཞིང་འབྲོག་པའི་ཨར་པོའི་ཁེ་ལས་ལ་སྤྲད་དེ་རྣམ་གྲངས་ཀྱིས་ཞིང་འབྲོག་པ་མི་ཁྲི་30ཡན་ལ་ལས་ཞུགས་གཞན་སྒྱུར་ཡོང་བར་སྣེ་ཁྲིད་བྱེད་རྒྱུ་དང་། རིགས་ཁག་གི་ཁྱད་ལྡན་ཐོན་ལས་ཀྱི་ཆེད་ལས་མཉམ་ལས་ཁང་གིས་བབ་བསྟུན་ངང་ལས་མི་སྤྱོད་པ་དང་། གྲོས་མཐུན་བཞག་ནས་ལས་མི་སྤྱོད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ཏེ་ཞིང་འབྲོག་པ་ཁྲི་25ཡན་ལས་ཞུགས་གཞན་སྒྱུར་བྱེད་རྒྱུ། རྟེན་གཞི་150གསར་དུ་བསྐྲུན་པའི་རྨང་གཞིའི་ཐོག་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་རྟེན་གཞི་802ཀྱིས་ལོ་ཧྲིལ་པོར་མི་ཁྲི་8ཡན་ལས་ཞུགས་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
  ཞིང་འབྲོག་པར་སྤུས་ཚད་མཐོ་བའི་ལས་ཞུགས་འགན་ལེན་བྱ་ཆེད། བོད་ཀྱིས་དམིགས་ས་ཡོད་པའི་སྒོ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། སྦྱོང་བརྡར་དང་ལས་ཞུགས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། “ལས་ཀས་སྦྱོང་བརྡར་གྱི་ཚབ་བྱེད་པ”དང“མངགས་ཐོའི་གཏན་འཁེལ”གྱི་གསོ་སྦྱོང་གང་ཐུབ་བྱས་ནས་དེས་བཟུང་ཚད་35%ཡན་ཟིན་པར་བྱས་ཏེ་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་མི་ཁྲི་6ཡན་ཟིན་པ་བྱེད་རྒྱུ་རེད།
   དེ་དང་ཆབས་ཅིག་ཏུ་ཞིང་འབྲོག་པ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་དགེ་མཚན་རང་བཞིན་ཆེ་རུ་བཏང་ནས་འདི་ལོར་བོད་ཀྱིས་ཞིང་འབྲོག་པ་ལྗོངས་ཕྱིར་ལས་ཞུགས་ཀྱི་ལམ་དངུལ་ཚད་གཞི་སྒོར་1000ནས་2000བར་མང་དུ་གཏོང་རྒྱུ་མ་ཟད། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ལས་ཞུགས་ལས་གནས“གནད་སྨིན”མཁོ་འདོན་བྱས་ཏེ་ལྗོངས་ཕྱིར་མི་5500ཡན་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་པ་རེད།