འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་7ཉིན།

༄༅།།ལི་ཐང་བསྟན་འཛིན་ལ་བཅར་འདྲི་བྱས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་07ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
པར་འདི་ནི་ལི་ཐང་གནའ་གྲོང་ཚངས་མགུར་འགྲེམས་སྟོན་ཁང་དུ་བླངས་པ་ཡིན།
པར་འདི་ནི་ལི་ཐང་གནའ་གྲོང་ཚངས་མགུར་འགྲེམས་སྟོན་ཁང་དུ་བླངས་པ་ཡིན། 
    མི་དམངས་དྲ་བའི་འཕྲིན། ཟླ་2འི་ཟླ་འགོར། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་གནའ་གྲོང་གི་དཔེ་ཁང་ཞིག་གི་ནང་དུ་ཉི་འོད་དྲོན་པོས་ཁྱབ། ཕོ་གསར་བསྟན་འཛིན་གྱིས་ཡི་གེ་འབྲི་ཀློག་བྱེད་བཞིན་འདུག 2020ལོའི་ཟླ་11པའི་ཟླ་དཀྱིལ་དུ། “ལྷད་མེད་དང་དཔའ་རྒོད་གཉིས་ལྡན”གྱི་འཛུམ་མདངས་ཅན་གྱི་ཕོ་གསར་ཞིག་གི་བརྙན་ཐུང་ལས། བསྟན་འཛིན་ནི་དྲ་ཐོག་ཏུ་གྲགས། ཉིན་འགའི་རྗེས་སུ། ལི་ཐང་ཡུལ་སྐོར་དངུལ་འཇོག་ཀུང་སི་དང་གན་རྒྱ་བཞག་ཅིང་། ཡུལ་སྐོར་དྲིལ་བསྒྲགས་བརྙན་ཐུང་ཞིག་མགྱོགས་པོར་སྤེལ་ཏེ་དྲ་ལམ་བརྒྱུད་ནས་ཁྱབ་པ་ལས། “བསྟན་འཛིན་གྱི་རྣམ་པ”ཞེས་2020ལོའི་ཀྲུང་གོའི་མཉམ་འབྲེལ་དྲ་རྒྱའི་མཚོན་བྱེད་རང་བཞིན་ལྡན་པའི་དོན་དག་ཞིག་ཏུ་གྱུར་བ་རེད། ཉེ་ཆར་2020ལོའི་ཟླ་2པར་དབུལ་སྒྲོལ་བྱུང་བའི་བོད་ཡུལ་གྱི་རྫོང་ཆུང་ཆུང་དེ་ལ་གསར་འགོད་པས་བཅར་འདྲི་བྱས་རྗེས། འདི་དག་ཚང་མ་ནི“སྟེང་དབང་དུ་བྱུང་བ་ཞིག་ཡིན་ལ་འབྱུང་ངེས་པ་ཞིག་དེ་བས་ཀྱང་ཡིན་”པ་ཤེས་རྟོགས་བྱུང་། 
【1】  【2】  【3】  【4】
བསྟན་འཛིན་གྱིས་དཔེ་ཀློག་བྱེད་བཞིན་པ།
བསྟན་འཛིན་གྱིས་དཔེ་ཀློག་བྱེད་བཞིན་པ།