འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་28ཉིན།

༄༅།།མདོ་ལ་རྫོང་གིས་གངས་འཁྱགས་གྲོང་རྡལ་འཛུགས་སྐྲུན་བྱེད་བཞིན་ཡོད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་28ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མདོ་ལ་རྫོང་གིས་གངས་འཁྱགས་གྲོང་རྡལ་འཛུགས་སྐྲུན་བྱེད་བཞིན་ཡོད།
    མི་དམངས་དྲ་བའི་འཕྲིན། ཚེས་2ཉིན། མདོ་ལ་རྫོང་རིག་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་མ་ཅིན་གོ་ཡིས་ངོ་སྤྲོད་བྱས་དོན། ད་ལོར་མདོ་ལ་རྫོང་གི་ཨ་མྱེས་སྟོང་སོ་རི་འདབས་ཀྱི་སྲིབ་ལུང་ཀླད་གྲོང་ཚོ་དེ་གངས་འཁྱགས་གྲོང་རྡལ་ཞིག་ཏུ་འཛུགས་སྐྲུན་བྱས་ནས། ཡུལ་སྐོར་བ་རྣམས་ཡུལ་འདིར་སླེབས་མ་ཐག་རི་མཐོ་འཁྱགས་ཤུད་ཀྱི་སྣང་བ་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞིང་། མིག་སྔར་རྣམ་གྲངས་ལག་བསྟར་འཆར་གཞི་བཟོས་ཟིན་པས་འཛུགས་སྐྲུན་ལས་ཀའི་འགོ་རྩོམ་གྲབས་ཡོད།
  མདོ་ལ་རྫོང་ནི་མདོ་ལ་རིང་མོའི་དབུས་རྒྱུད་དུ་ཡོད་ཅིང་། མངའ་ཁོངས་སུ་རྩྭ་ཐང་དང་གངས་རི། ནགས་ཀླུང་། གྲོག་རོང་། འཁྱགས་རོམ། འདམ་ར། ཏན་ཞ་ས་ངོ་བཅས་མཉམ་འདྲེས་གཞི་གཅིག་ཏུ་གྱུར་ཡོད་པ་དང་། ནུབ་བྱང་རྩྭ་ཐང་གི་ཡུལ་ལྗོངས་དང་ཐང་རྒོད་ཡུལ་ལྗོངས་ཀྱི་ས་མཚམས་དབྱེ་ཐིག་ཅིག་ཡིན་ལ།ཞིང་ལས་དཔལ་ཡོན་དང་རྩྭ་ཐང་དཔལ་ཡོན། མཚོ་བོད་མཐོ་སྒང་དང་ས་སེར་ས་མཐོ། བོད་རིགས་དང་རྒྱ་རིགས་འདུས་སྡོད་ཁུལ་བཅས་ཀྱི་ས་ཁམས་དབྱེ་འབྱེད་ཁུལ་ཞིག་ཀྱང་རེད། མངའ་ཁོངས་སུ་“བརྒྱད་གཅིག་འཁྱགས་ཀླུང”དང་མདོ་ལའི་རྩྭ་ཐང་། གླིང་གེ་སར་རྒྱལ་པོའི་མཐའ་གྲོང་གི་རྗེས་ཤུལ་སོགས་ཀྱིས་མདོ་ལའི་ཐུན་མོང་མ་ཡིན་པའི་མཛེས་ཉམས་ལྡན་པའི་རང་བྱུང་མཛེས་ལྗོངས་གྲུབ་ཡོད།
   “2017ལོ་ནས་བཟུང་ང་ཚོས་ཡུལ་སྐོར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས་ཅུས་ཚང་མར་ཡུལ་སྐོར+’ཞེས་པ་དེ་‘+ཡུལ་སྐོར’ཞེས་པར་བསྒྱུར་དགོས་པའི་ལས་འགན་སྤྲད་ཡོད་ཅིང་། དེ་ནི་ལམ་བཟོས་ན་གོ་ཆོད་པོ་དང་། ཆུ་རགས་བཟོས་ན་མཛེས་ལྗོངས་ལྡན་པ། ལོ་གསུམ་ནང་དུ་མ་དངུལ་སྒོར་དུང་ཕྱུར་30དངོས་སུ་འཇོག་ཐུབ་པ་བཅས་བྱ་དགོས་པ་དེ་རེད། མིག་སྔར་སྒོར་དུང་ཕྱུར་28.6དངོས་སུ་འཇོག་ཐུབ་ཡོད་པས། ‘རིག་གནས་ཀྱིས་ཡུལ་སྐོར་ལ་དུས་ཆེན་གྱི་རྒྱན་གོས་སྤྲས་པ་དང་། ཡུལ་སྐོར་གྱིས་རིག་གནས་ལ་འཕུར་ཐུབ་པའི་གཤོག་པ་སྤྲད་པ’དངོས་སུ་བྱེད་ཐུབ་ཡོད་ཅེས་མ་ཅིན་གོ་ཡིས་དེ་ལྟར་བཤད། ”
   མདོ་ལ་རྫོང་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་སྟེ། མཚོ་སྔོན་མདོ་ལ་རིང་མོ་ཁུལ་གྱི་རི་ཆུ་ནགས་དང་ཞིང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚོད་ལྟའི་རྣམ་གྲངས་དང་ནགས་ལས་སྐྱེ་ཁམས་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་སྤེལ་བ་དང་། “རྒྱུ་རྐྱེན་གཙོ་བོ་ཡོངས་དང་། ལས་རིགས་ཡོངས། ལས་རིམ་ཧྲིལ་པོ། ཕྱོགས་གང་ཅིའི་ཐད། ཡུལ་དུས་ཧྲིལ་པོ། སྤྱི་ཚོགས་ཡོངས། སྡེ་ཁག་ཡོངས། ཡུལ་སྐོར་བ་ཡོངས་”བཅས་རིམ་པ་བརྒྱད་ཏུ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་ཡོང་བ་བྱེད་པ། ཡུལ་སྐོར་ལས་རིགས་དེ་རིག་གནས་ལུས་རྩལ་དང་། ཞིང་འབྲོགནགས་ལས། ཚོང་དོན་སོགས་ཐོན་ལས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱེད་པ། མཁོ་སྤྲོད་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱེད་བཞིན་ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15836458.html)
༄༅།།མདོ་ལ་རྫོང་གིས་གངས་འཁྱགས་གྲོང་རྡལ་འཛུགས་སྐྲུན་བྱེད་བཞིན་ཡོད།
༄༅།།མདོ་ལ་རྫོང་གིས་གངས་འཁྱགས་གྲོང་རྡལ་འཛུགས་སྐྲུན་བྱེད་བཞིན་ཡོད།