འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་26ཉིན།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་
ཁྲི་3.83བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་26ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་3.83བསྐྲུན་ཏེ། ལོ་རེར་ཆ་སྙོམས་གཞུང་ལམ་སྤྱི་ལེ་7660སྐྲུན་པའི་ས་མཐོའི་ངོ་མཚར་བཏོད་པ་དང་། ལོ་རེར་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གྱི་བསྡོམས་འབོར་ལས་རིང་བ་ཡོད།
   བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆང་གིས། “ལོ་ལྔ་ཚན་བཅུ་གསུམ་པ”ནི་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་གཏོང་མང་ཤོས་དང་ལེགས་སུ་གཏོང་ཆེ་ཤོས་ཀྱི་དུས་སྐབས་ཡིན་པས། ལྗོངས་ཡོངས་ཀྱི་གཞུང་ལམ་དང་འགྲིམ་འགྲུལ་ཐད་མ་དངུལ་སྒོར་དུང་ཕྱུར་2515ལྷག་ཙམ་བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་3.7ཡིན་པ་རེད། 2020ལོའི་ལོ་འཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.66ཟིན་པ་དེ་2015ལོའི་ལོ་མཇུག་ལས་48.9%འཕར་ཡོད་ཅེས་བརྗོད་པ་རེད།
   བོད་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་7.83ནས་སྤྱི་ལེ་ཁྲི་11.66བར་གྱི་གྲངས་གཞིའི་འགྱུར་ལྡོག་ལས། “འཛམ་གླིང་ཡང་རྩེའི”ལམ་དྲའི་གྲུབ་ཆ་ལེགས་སུ་ཕྱིན་པ་མངོན་གསལ་དོད་པོས་མཚོན་པ་དང་། 2016ལོར་འཕར་ཚད་5.3%དང་། 2017ལོར་འཕར་ཚད་8.8% 2018ལོར་འཕར་ཚད་9.4% 2019ལོར་འཕར་ཚད་6.3% 2020ལོར་འཕར་ཚད་12.2%བཅས་སོ་སོར་ཟིན་ཡོད།
   “ལོ་ལྔའི་གོང་། བོད་ལ་སྤྱི་ལེ་38ཟིན་པའི་རིམ་མཐོའི་གཞུང་ལམ་གཅིག་ལས་མེད་པ་དང་ད་ཆ་སྤྱི་ལེ་688ཟིན་ཡོད། ལྷ་ས་ནས་གཞིས་རྩེ་དང་ནག་ཆུ་སོགས་སུ་རིམ་མཐོའི་གཞུང་ལམ་སྐྲུན་བཞིན་ཡོད་པ་དང་། བསྐྲུན་ཟིན་རྗེས་བོད་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་ལམ་ཐག་སྤྱི་ལེ་1100ཟིན་གྱི་རེད”ཅེས་ཞུས་ཝུན་ཆང་གིས་བརྗོད་པ་རེད།
   ལོ་ལྔའི་རིང་། བོད་ཀྱིས་ད་དུང་རྒྱུན་ཆད་མེད་པར་གྲོང་གསེབ་ཏུ་གཞུང་ལམ་བསྐྲུན་པས། ཐག་རིང་གི་ཞིང་འབྲོག་ཁུལ་དེ་བས་མང་བ་གངས་ཆེན་བབས་པ་དང་ལམ་འགགས་པའི་དཀའ་གནད་ལས་སྒྲོལ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་99.96%སོ་སོར་ཟིན་ཡོད། ཤང་དང་གྲོང་རྡལ་654དང་སྒྲིག་ཚུད་གྲོང་ཚོ་4094ལ་ཨར་འདམ་ལམ་བསྐྲུན་ནས་ཤར་གཏོང་ཐུབ་ཚད་94.1%དང་74.8%སོ་སོར་ཟིན་ཡོད།
   གྲོང་གསེབ་གཞུང་ལམ་དང་རིམ་མཐོའི་གཞུང་ལམ་རེ་རེ་ལས་གངས་ལྗོངས་ས་མཐོའི་རི་མཐོ་གྲོག་རོང་དང་། མུ་མེད་རྩྭ་ཐང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་བཅས་གཞི་གཅིག་ཏུ་འབྲེལ་ནས་ས་མཐོའི་ཞིང་འབྲོག་པ་རྣམས་ལོ་ངོ་སྟོང་རིང་གི་ཕྱིར་སྐྱོད་དཀའ་བའི་དཀའ་གནད་ལས་སྒྲོལ་བ་དང་། ཐོན་སྐྱེད་དང་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།