འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་21ཉིན།

༄༅།།བོད་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་21ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་འགོ་ཚུགས་པ།
    མི་དམངས་དྲ་བའི་འཕྲིན། ཚེས་20ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ་འགོ་ཚུགས་པ་དང་། འདིས་བོད་ལྗོངས་ཀྱི་“ཚོགས་འདུ་གཉིས”ཁྱོན་ཡོངས་ནས་འགོ་ཚུགས་པ་མཚོན། 
    ཚོགས་འདུའི་ཐོག  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཞུས་པའི་ནང་ཐོག་མར་2020ལོའི་ལས་དོན་སྐོར་གྱི་གནས་ཚུལ་ཕྱིར་དྲན་བྱས་ཡོད། 
   ཆེ་དགྲ་ལྷ་ཡིས་ངོ་སྤྲོད་བྱས་དོན། 2020ལོར། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་དཔལ་འབྱོར་7.8%འཕར་ཡོད་པ་དང་། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར་1900(མི་དམངས་ཤོག་སྒོར། གཤམ་དུ་གཅིག་མཚུངས་ཡིན)བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་ནི་སོ་སོར་ 10%དང་12.7%འཕར་ཡོད་ཅིང་། འཕར་ཚད་ནི་རྒྱལ་ཀྲུང་གོ་ཡོངས་ནས་སྔོན་གྲལ་དུ་གནས་ཡོད། བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཡུག་གཅིག་ཏུ་འབྲེལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་དབུལ་ཕོངས་ས་ཁུལ་ཡིན་པའི་ངོས་ནས་ཆ་ཚང་དབུལ་སྒྲོལ་བྱུང་ཟིན་པ་དང་། ད་ལྟ་དབུལ་ཕོངས་མང་ཚོགས་ཀྱི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་1བརྒལ་ཞིང་། བསྟུད་མར་ཀྲུང་དབྱང་གིས་“ཕྱོགས་བསྡུས་དཔྱད་འཇོག་བཟང་པོ”བྱས་ཡོད། འོས་འགན་སློབ་གསོ་སྲ་བརྟན་བྱུང་ཚད་95%ཡིན་ཞིང་། ངལ་རྩོལ་ལོ་ཚད་གཙོ་བོ་མི་འབོར་གྱི་སློབ་གསོ་ཐོབ་པའི་ལོ་ཚད་ནི་ལོ་10.2 ཡིན། གྲོང་རྡལ་གྱི་ལས་ཞུགས་མེད་པའི་དུད་ཁྱིམ་དང་། བྱོལ་འགོག་སློབ་སྐྱོང་།  ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་རྒྱུན་སྲུང་རྣམ་པ་བཅས་“གཙང་སེལ”བྱས་ཡོད། 
   2020ལོ་ནི་“ལོ་ལྔ་ཚན་བཅུ་གསུམ་པ་”མཇུག་བསྒྲིལ་བའི་ལོ་རེད། ཚོགས་ཆེན་གྱིས་ད་དུང་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་བདེ་འཇགས་དང་ཐོན་སྐྱེད་ཇེ་ལེགས་སུ་ཕྱོགས་ཚུལ་བསྒྲགས་ཡོད་དེ།  བདེ་འཇགས་དོན་རྐྱེན་བྱུང་བའི་ཁ་གྲངས་དང་། ཚེ་འདས་མི་འབོར་ནི་“ལོ་ལྔ་ཚན་བཅུ་གཉིས་པ་”ལས་སོ་སོ་24.8%དང་31.1%ཆག་ཡོད་པ་དང་། ལོ་ལྔར་བསྟུད་མར་དོན་རྐྱེན་ཆེན་པོ་བྱུང་མེད། 
དབུལ་བྲལ་འགོག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན། བོད་ལྗོངས་ཀྱིས་ཞིང་ལས་དང་འབྲེལ་བའི་མ་དངུལ་སྒོར་དུང་ཕྱུར་753.9སྡེབ་སྒྲིག་བྱས་ཏེ། དབུལ་ཕོངས་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་བྱས་ཡོད་ཅིང་། རྫོང་དང་ས་ཁུལ་74 ཡིས་དབུལ་ཞྭ་ཕུད་པ། དབུལ་སྐྱོར་གནས་སྤོ་མང་ཚོགས་ཁྲི་26.6བདེ་བླག་ངང་ཁང་པའི་ནང་སྡོད་ཐུབ་པ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་3037ཀྱིས་མང་ཚོགས་ཁྲི་23.8ཐད་ཀར་དབུལ་སྒྲོལ་བྱུང་བཅུག་ཡོད། 
   ནུས་རྒྱུའི་འགན་སྲུང་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། བོད་ལྗོངས་ནང་ཁུལ་གྱི་གློག་དྲ་གཞི་གཅིག་ཅན་དུ་འགྱུར་པ་དང་། གློག་དྲ་གཙོ་བོ་རྫོང་དང་ཆུས་74ལ་ཁྱབ་ནས་མི་འབོར་ཁྲི་330ལ་གློག་མཁོ་འདོན་བྱས། དེ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་མི་ཁྲི་111.5མང་དུ་ཕྱིན་ཡོད་པ་རེད། “ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ནས་མི་ཁྲི་67.2ཀྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་པ་རེད། 
   རོགས་སྐྱོར་ཐོབ་པའི་ལས་ཀའི་ཐད། བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་སྐྱོར་རྣམ་གྲངས་2000ཙམ་ལག་བསྟར་བྱས་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་224དོན་འཁྱོལ་བྱས་པ་དེ་57%འཕར་ཡོད། “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”དང“ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་དབུལ་བྲལ་འགག་སྒྲོལ་ལ་རོགས་རམ་བྱེད་པའི”བྱེད་སྒོ་སྤེལ་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1047བཏང་ཡོད། ལོ་ལྔའི་རིང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་བྱེད་པ་དང་། སློབ་གསོ། སྨན་བཅོས་བཅས བོད་སྐྱོར་ཤེས་ལྡན་མི་སྣ་4816མཐོ་སྒང་ལ་བསྐྱོད་དེ་ལེགས་སྐྱེས་ཕུལ་ཡོད། 
2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་རེད། ཆེ་དགྲ་ལྷས་བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་པ་བསྟན།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835813.html)
【1】  【2】
༄༅།།བོད་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་འགོ་ཚུགས་པ།