འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་20ཉིན།

༄༅།།ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཨུད་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་འཁུར་རྒྱུ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་18ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་དང་། ལྷ་ས་གྲོང་ཁྱེར་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཏེ། བློ་མཐུན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཨུད་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་རྒྱུ་དང་། བློ་མཐུན་པདྨ་དབང་འདུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་རྒྱུ་མིན་པ་ཁྱབ་བསྒྲགས་བྱས་པ་རེད། 
    ཀྲུང་གོ་དཔལ་འབྱོར་དྲ་བའི་ས་གནས་ཏང་སྲིད་འགོ་ཁྲིད་མི་སྣའི་དཔྱད་ཡིག་ལས་མངོན་གསལ། ཡན་ཅིན་ཧའེ། 1962ལོའི་ཟླ་3པར་སྐྱེས། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཡིན་ཞིང་། དུས་ཡུན་རིང་པོར་མཚོ་སྔོན་ཞིང་ཆེན་དུ་ལས་དོན་བསྒྲུབས། ན་ནིང་ཟླ་7པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བ་རེད། པདྨ་དབང་འདུས། 1967ལོའི་ཟླ་2པར་སྐྱེས། 2017ལོར་ལྷ་ས་གྲོང་ཁྱེར་གྲོང་ཨུད་ཧྲུའུ་ཅིའི་འགན་འཁུར་ཞིང་། ཉེ་ཆར། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་ཞི་གཞོན་པར་བསྐོས་པ་རེད། 
   ཡན་ཅིན་ཧའེ་ཡི་ལོ་རྒྱུས་མདོར་བསྡུས། 
    ཡན་ཧའེ་ཅིན། ཕོ། བོད་རིགས། 1962ལོའི་ཟླ་3པར་སྐྱེས། མཚོ་སྔོན་དམར་གཙང་རྫོང་ནས་ཡིན། 1982ལོའི་ཟླ་7པར་ལས་ཀར་ཞུགས་ཤིང་། 1983ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། མཚོ་སྔོན་མི་རིགས་སློབ་གླིང་རྒྱ་སྐད་ཡིག་ཚན་ཁག་རྒྱ་སྐད་ཡིག་རྩོམ་རིག་ཆེད་ལས་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་བསླབས་རིམ་ལྡན། 
   1978.11--1982.07མཚོ་སྔོན་མི་རིགས་སློབ་གླིང་རྒྱ་སྐད་ཡིག་ཚན་ཁག་རྒྱ་སྐད་ཡིག་རྩོམ་རིག་ཆེད་ལས་སུ་སློབ་སྦྱོང་བྱས། 
   1982.07--1984.11མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་དགེ་རྒན་བྱས། 
    1984.11--1990.02མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སློབ་གསོ་ཅུས་སུ་ལས་ཀ་བྱས། 
   1990.02--1991.06མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བྱས། 
   1991.06--1993.07མཚོོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་བྱས། 
   1993.07--1996.04མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཨུད་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་བྱས། 
   1996.04--1998.06 མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཨུད་རྒྱུན་ལས་ཨུ་ཡོན་དང་། དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རེན་བྱས། 
   1998.06--2005.01མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུད་ཧྲུའུ་ཅི་གཞོན་པ་བྱས། 
   2005.01--2005.03མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུད་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ལས་ཚབ་བྱས། 
    2005.03--2008.02མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བྱས། 
    2008.02--2008.04 མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུད་ཀྱི་ཧྲུའུ་ཅི་དང་ཁུལ་དཔོན་བྱས། 
    2008.04--2013.01མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུད་ཀྱི་ཧྲུའུ་ཅི་བྱས། 
   2013.01--2017.05མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བྱས། 
   2017.05--2020.07མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བྱས།
    2020.07 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས། 
   ད་ལྟ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་ཡིན། 
    སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཡིན། 
    པདྨ་དབང་འདུས་ཀྱི་ལོ་རྒྱུས་མདོར་བསྡུས། 
    པདྨ་དབང་འདུས། ཕོ། བོད་རིགས། 1967ལོའི་ཟླ་2པར་སྐྱེས། བོད་ལྗོངས་སྨར་ཁམས་ནས་ཡིན། 1991ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ཤིང་། 1987ལོའི་ཟླ་7པར་ལས་ཀར་ཞུགས་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་བསླབས་རིམ་ལྡན། 
   1983.09--1987.07ཧུའུ་པེ་ཞིང་ཆེན་ཆུ་བེད་སློབ་གྲྭ་སྐམ་ས་ཆུ་དཔྱད་ཆེད་ལས་སུ་སློབ་སྦྱོང་བྱས། 
   1987.07--1991.06 བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚུགས་ཆབ་མདོ་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་རུ་ཆེན་ལག་རྩལ་པ་དང་རུ་དཔོན་གཞོན་པ་བྱས། 
   1991.06--1992.06 བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚུགས་ཡར་འབྲོག་གཡུ་མཚོའི་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་རུ་ཆེན་གྱི་རུ་དཔོན་བྱས། 
    1992.06--1997.01བོད་རང་སྐྱོང་ལྗོངས་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས། (དེའི་རིང་། 1994.09--1996.07བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་སྡེ་ཁག་གི་བོད་ལྗོངས་འཛིན་གྲྭའི་ནང་སློབ་སྦྱོང་བྱས།)
    1997.01--1999.04བོད་རང་སྐྱོང་ལྗོངས་ཆུ་བེད་ལག་རྩལ་ཞབས་ཞུ་སྤྱི་ཁྱབ་ས་ཚུགས་ཀྱི་ཏང་ཨུ་ཧྲུའུ་ཅི་བྱས། 
    1999.04--2000.04བོད་རང་སྐྱོང་ལྗོངས་ཆུ་བེད་འཆར་འགོད་ཐིག་ལེན་ཇུས་འགོད་ཞིབ་འཇུག་གླིང་གི་འགོ་འཛིན་གཞོན་པ་བྱས།(རྫོང་རིམ་པ་རྒན་པ།)
    2000.04--2005.07བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་བྱས།(དེའི་རིང་། 2000.05--2000.11ཆུ་བེད་པུའུ་ཡི་འཛུགས་སྐྲུན་དང་དོ་དམ་སིའི་སི་ཀྲང་གཞོན་པའི་འགན་དཀྲིས་པ་རེད། 2001.09--2003.07སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་བཟོ་ཚོང་དོ་དམ་ཆེད་ལས་སུ་ལས་ཞུགས་སློབ་སྦྱོང་བྱས།
2004.06--2004.09རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་སྤྱི་སྤྱོད་དོ་དམ་མཐོ་རིམ་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས། )
    2005.07--2012.04བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་བྱས། 
    2012.04--2015.06བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་བྱས། 
    2015.06--2016.11བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་ཨུད་ཀྱི་ཧྲུའུ་ཅི་བྱས། 
    2016.11--2017.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། མངའ་རིས་ཁུལ་ཨུད་ཀྱི་ཧྲུའུ་ཅི་བྱས། 
   2017.01--2021.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ལྷ་ས་གྲོང་ཁྱེར་གྲོང་ཨུད་ཧྲུའུ་ཅི་བྱས། 
   2021.01-- བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་བཅས་ཡིན།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835556.html)