འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཚང་མར་རིམ་པ་གཉིས་པ་དང་དེ་ཡན་གྱི་གཞུང་ལམ་
ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་དུ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་བསྡོམས་གཞུང་ལམ་34བསྐྲུན་པར་སྤྱིའི་ལམ་ཐག་སྤྱི་ལེ་4668ཟིན་ནས། རྫོང་རིམ་པའི་སྲིད་འཛིན་ཁུལ་30ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྫོང་རིམ་པའི་སྲིད་འཛིན་ཁུལ་ཚང་མར་རིམ་པ་གཉིས་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཡོད།
   མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཝུའུ་ལ་ཙི་པེ་ཁེ·རུ་སུའུ་ལི་ཧན་གྱིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་སྤྱིའི་ལམ་ཐག་སྤྱི་ལེ་3638ཟིན་པའི་གཞུང་ལམ་རྣམ་གྲངས་ཁག་30གསར་སྐྲུན་བྱས་པ་དང་། སྤྱིའི་ལམ་ཐག་སྤྱི་ལེ་4668ཟིན་པའི་གཞུང་ལམ་རྣམ་གྲངས་ཁག་34བསྐྲུན་ནས། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་8.5ལྷག་ཙམ་ཟིན་ཡོད། དེའི་ནང་མྱུར་བགྲོད(རིམ་པ་དང་པོ་ཚུད་པ)གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་4069ཟིན་པ་དང་། རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་9036ཟིན་པ། རིམ་པ་གསུམ་པ་དང་དེ་མན་གྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་7.2ཟིན་ནས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་44པའི་ཁྲོད་ནས་སྲིད་འཛིན་ཁུལ་30ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། 100%ཡི་རྫོང་རིམ་པའི་སྲིད་འཛིན་ཁུལ་ལ་རིམ་པ་གཉིས་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་ཨར་དམ་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། “ཤར་རྒྱུད་དུ་འགྲིམ་འགྲུལ་དྲ་མིག་གྲུབ་པ་དང་། བྱང་རྒྱུད་དུ་འགྲིམ་འགྲུལ་སྟབས་བདེ་བ། མཚོ་སྔོན་ལྷོ་རྒྱུད་དུ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ། ཞིང་ཆེན་དབར་སྦྲེལ་མཐུད་ཐུབ་པ”བཅས་ཀྱི་གཞུང་ལམ་དྲ་མིག་གི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།