འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།མཚོ་སྔོན་པོར་དགུན་སྒྲོལ་བྱེད་མཁན་ངང་ཆེན་241ཟིན་པ་དེ་སྔོན་མ་ལས་ཉུང་དུ་ཕྱིན་ཡོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བཀོད་སྒྲིག་དང་རྒྱལ་ཡོངས་འདབ་ཆགས་ཁོར་ཡུག་དང་བླངས་པའི་ལྟེ་གནས་ཀྱིས་འགན་འཁུར་བའི་2021ལོའི་རྒྱལ་ཡོངས་དགུན་སྒྲོལ་ངང་ཆེན་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ་དང་། ལྟ་ཞིབ་ཚད་ལེན་ཐུབ་པའི་ངང་ཆེན་241དེ་དག་གཙོ་བོ་མཚོ་སྔོན་པོའི་ཆེ་ཅི་ཆུ་ཁ་དང་ཆོན་དབན་ས་ཁོངས་སུ་ཡོད་པ་རེད།
   མཚོ་སྔོན་པོ་ནི་རང་རྒྱལ་བྱང་ཕྱོགས་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་མའི་དུས་བྱ་གནས་སྤོའི་འབྲེལ་མཚམས་ཡིན་པས། དུས་བྱ་གནས་སྤོ་བྱེད་པའི་ལམ་བར་ངལ་གསོ་ས་དང་བར་བརྒྱུད་ས་ཚིགས་རེད།
   མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས། 2020ལོའི་དུས་མཚུངས་སུ་མཚོ་སྔོན་པོར་དགུན་སྒྲོལ་བྱེད་མཁན་ངང་ཆེན་335ཡོད། ཉེ་བའི་ལོ་ཤས་རིང་གི་མཚོ་སྔོན་པོའི་ངང་ཆེན་དགུན་སྒྲོལ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་བསྡུར་ན་མཚོ་སྔོན་པོར་དགུན་སྒྲོལ་བྱེད་མཁན་གྱི་ངང་ཆེན་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་ཅེས་བཤད།