འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་19ཉིན།

༄༅།།དཔྱིད་གསར་སྐྱེལ་འདྲེན་རིང་གི་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར་2.96བར་ཉུང་
དུ་གཏོང་རྒྱུའི་འཆར་གཞི་ཡོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་19ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་ཨང་དང་པོར་བཞག་པ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་དཔྱིད་གསར་སྐྱེལ་འདྲེན་བྱེད་པ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འཕྲད་པའི་གནད་དོན་ཆེན་པོ་ཞིག་རེད། ཉེ་དུས་འཚོགས་པའི་2021ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་སོགས་ཐད་ཀྱི་དྲི་བར་ལན་བརྒྱབ་པ་རེད།
   རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལན་ཝུའེ་ལེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་འགན་ཨང་དང་པོར་བརྩིས་ནས“བྱེད་དགོས་རིགས་ལྔ”ཡི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པ་སྟེ། འགོག་ཟོན་བྱེད་དགོས་རིགས་འགོག་ཟོན་བྱས་ཏེ་འགྲུལ་སྐྱེལ་གྱི་འཐབ་ཕྱོགས་དང་པོའི་ཞབས་ཞུ་བ་ཚང་མས་ཁ་རས་ཚད་ལྡན་ངང་རྒྱག་པ་དང་། འགྲུལ་པས་ཁ་རས་རྒྱག་རྒྱུར་ལྟ་སྐུལ་བྱེད་དགོས། ཞིབ་བཤེར་བྱེད་དགོས་རིགས་ཞིབ་བཤེར་བྱས་ཏེ། འཐབ་ས་དང་པོའི་འགྲུལ་སྐྱེལ་ཞབས་ཞུའི་མི་སྣར་གཟའ་འཁོར་རེར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ། དང་ལེན་བྱེད་དགོས་རིགས་དང་ལེན་བྱས་ཏེ་འགྲུལ་སྐྱེལ་གྱི་འཐབ་ཕྱོགས་དང་པོའི་ཞབས་ཞུ་བར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དཔྱིད་གསར་སྐྱེལ་འདྲེན་འགོ་མ་ཚུགས་གོང་ནས“དང་ལེན་བྱེད་དགོས་རིགས་དང་ལེན་བྱེད་དགོས་པ”ཉུང་དུ་གཏོང་དགོས་རིགས་ཉུང་དུ་བཏང་སྟེ་སློབ་གསོ་སྡེ་ཚན་གྱི་བཀོད་སྒྲིག་འོག་སློབ་མའི་ཚོགས་སྤྱི་འཚང་གཡོལ་ངང་འགྲོ་འོང་བྱེད་དགོས་པ་དང་། རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཕྱོགས་བསྡུས་བྱ་ཐབས་སྤྱད་ནས་ཡུལ་སྐོར་མི་ཚོགས་སྔོན་དཔག་ལས་ཉུང་དུ་འགྲོ་བ་བྱེད་དགོས་པ། ངོས་འཛིན་བྱེད་དགོས་རིགས་ངོས་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་ཐང་ཨང་རྟགས་ཀྱི་གཅིག་གྱུར་སྲིད་ཇུས་དང་། གཅིག་གྱུར་ཚད་གཞི། རྒྱལ་ཡོངས་ཕན་ཚུན་ངོས་འཛིན། ཨང་རྟགས་ཀུན་འཕྲོད་བཅས་བྱེད་དགོས་ཞེས་བཤད་པ་རེད།
   ལྕགས་ལམ་ནས་བལྟས་ཚེ། དཔྱིད་གསར་སྐྱེལ་འདྲེན་གོང་གི་སྤ་སེ་སྔོན་མངགས་བྱེད་མཁན་དུས་མཚུངས་ལས་བཅུ་ཆ་དྲུག་ཙམ་ཆག་ཅིང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཝུན་ཤིན་གྱིས་སྔོན་དཔག་བྱས་ན། དཔྱིད་གསར་སྐྱེལ་འདྲེན་རིང་གི་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་དུང་ཕྱུར་2.96བར་ཉུང་དུ་གཏོང་རྒྱུ་རེད་ཅེས་དབྱེ་ཞིབ་བྱས་པ་རེད།