འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའིའ་ཕྲིན། ཟླ་1ཚེས་17ཉིན་གྱི་ཆུ་ཚོད0-24བར། ཞིང་ཆེན་31(རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྙན་སེང་ཞུས་པ་སྟེ། གཏན་འཁེལ་བྱས་པའི་ནད་དཔེ་109བྱུང་ཡོད། དེའི་ཁྲོད་དུ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་16(ཧྲང་ཧའེ་རུ་ནད་དཔེ་4ཧྲའན་ཞི་རུ་ནད་དཔེ་3ཀྲེ་ཅང་དུ་ནད་དཔེ་2ཧུའུ་ནན་དུ་ནད་དཔེ་2པེ་ཅིང་དུ་ནད་དཔེ་1ཐེན་ཅིན་དུ་ནད་དཔེ་1ཧྥུ་ཅན་དུ་ནད་པེ་1ཀོང་ཏུང་དུ་ནད་དཔེ་1སི་ཁྲོན་དུ་ནད་དཔེ་1)ཡོད་པ་དང་། ས་གནས་རང་གི་ནད་དཔེ་93(ཧོ་པེ་རུ་ནད་དཔེ་54ཅི་ལིན་དུ་ནད་དཔེ་30ཧེ་ལུང་ཅང་དུ་ནད་དཔེ་7པེ་ཅིང་དུ་ནད་དཔེ་2)ཡོད། ཚེ་འདས་ནད་དཔེ་གསར་པ་བྱུང་མེད། དོགས་ཡོད་ནད་དཔེ་གསར་པ་2བྱུང་བ་ཚང་མ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་(ཧྲང་ཧའེ་རུ་ཡོད་པ)ཡིན་པ།
    ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་13བྱུང་ཡོད། གསོ་རིག་ལྟ་ཞིབ་བྱེད་མི་དགོས་པར་བཟོས་པའི་འབྲེལ་བ་དམ་པོ་བྱེད་མཁན་1519ཡོད་ཅིང་། ནད་གཞི་ལྕི་བའི་ནད་དཔེ་ནི་ཉིན་སྔ་མ་ལས་ནད་དཔེ་1མང་དུ་ཕྱིན་ཡོད།
   ད་ལྟ་གཏན་འཁེལ་བྱས་པའི་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་284(དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་དཔེ་2)ཡོད་པ་དང་། ད་ལྟ་དོགས་ཡོད་ནད་དཔེ་3ཡོད། རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ་4518ཡོད་པ་དང་། རིམ་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་4234ཡོད། ཚེ་འདས་ནད་དཔེ་མེད།
   ཟླ་1ཚེས་17ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྙན་སེང་ཞུས་པ་སྟེ། ད་ལྟར་གཏན་འཁེལ་བྱས་པའི་ནད་དཔེ་1301ཡོད་ཅིང་། (དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་དཔེ་43ཡོད) རིམ་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་82400ཡོད།རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་4635ཡོད། རིམ་རྩིས་ཀྱིས་སྙན་སེང་ཞུས་པའི་གཏན་འཁེལ་བྱས་པའི་ནད་དཔེ་88336ཡོད། ད་ལྟ་དོགས་ཡོད་ནད་དཔེ་3ཡོད། རིམ་རྩིས་བྱས་ན་འབྲེལ་བ་དམ་པོ་བྱེད་མཁན་མི་940068རྗེས་སྙེག་ཐུབ་ཡོད། ད་ལྟར་འབྲེལ་བ་དམ་པོ་བྱེད་མཁན་མི་34231ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།
   ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྙན་སེང་ཞུས་པ་སྟེ། ནད་རྟགས་མེད་པའི་ནད་འགོས་མཁན་གྱི་ནད་དཔེ་115(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་11 )བྱུང་ཡོད། ཉིན་དེར་གཏན་འཁེལ་བྱས་པའི་ནད་དཔེར་གྱུར་པའི་ནད་དཔེ61(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་6)ཡོད། ཉིན་དེར་གསོ་རིག་ལྟ་ཞིབ་བྱེད་མི་དགོས་པར་བཟོས་པའི་ནད་དཔེ་12(ཚང་མ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་ཡིན་པ)ཡོད། ད་ལྟ་ནད་རྟགས་མེད་པའི་ནད་འགོས་མཁན་གྱི་ནད་དཔེ་788(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་254)ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།
    རིམ་རྩིས་བྱས་ན་ཤང་ཀང་དང་ཨའོ་མན། ཐའེ་ཝན་བཅས་ས་ཁུལ་དུ་གཏན་འཁེལ་བྱས་པའི་ནད་དཔེ་10458ཡོད་པའི་བརྡ་ཁྱབ་འབྱོར་བ་སྟེ། དེའི་ཁྲོད་དུ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་དཔེ་9557(སྨན་ཁང་ནས་ཐོན་པའི་ནད་དཔེ་8758 ཚེ་འདས་ནད་དཔེ་162) ཡོད་པ་དང་། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་དཔེ་46(སྨན་ཁང་ནས་ཐོན་པའི་ནད་དཔེ་46) ཡོད་པ། ཐའེ་ཝན་ས་ཁུལ་དུ་ནད་དཔེ་855(སྨན་ཁང་ནས་ཐོན་པའི་ནད་དཔེ་755 ཚེ་འདས་ནད་དཔེ་7)ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835442.html)