འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་16ཉིན།

༄༅།།2020ལོར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ནང་འདྲེན་ཕྱི་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་32.16
ཟིན་པ་དང་2019ལོ་ལས་1 1. .9 9%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། 

དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་དང་པོའི་གནས་བབ་སྲ་བརྟན་བྱུང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་16ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ་ཏུའུ་ཧའེ་ཐའོ།

    ● དངོས་ཟོག་ཚོང་དོན་ནང་འདྲེན་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་32.16ཟིན་པ་དེ་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་ཟམ་མི་ཆད་པར་རིམ་པ་འཕར་བའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ལས་བྱུང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་འཕར་བ་ལས་བྱུང་བ། ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་ལས་བྱུང་བ་བཅས་རེད།
    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཟླ་1ཚེས་14ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། 2020ལོར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ནང་འདྲེན་ཕྱིར་གཏོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་32.16ཟིན་པ་དེ་2019ལོ་ལས་1.9%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། དེའི་ནང་ཕྱིར་གཏོང་སྒོར་ཁྲི་དུང་ཕྱུར་17.93ཟིན་ནས་4%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་14.23ཟིན་ནས་0.7%ཆག་པ། ཚོང་དོན་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་ཁྲི་3.7ཟིན་ནས་27.4%འཕར་བ་བཅས་རེད།
   “འདས་ཟིན་པའི་ལོ་གཅིག་ནང་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་འཕྲད་སྐབས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ནང་འདྲེན་ཕྱིར་གཏོང་སྔོན་དཔག་ལས་མངོན་གསལ་དོད་པོས་ཡག་པོ་བྱུང་ནས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་ཐོག་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ལྡེམ་ཤུགས་ཆེན་པོ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་གང་ལེགས་མངོན་ཡོད”ཅེས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལི་ཁུའེ་ཝུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དེ་ལྟར་བརྗོད་པ་རེད།
    — — དངོས་ཟོག་ཚོང་དོན་ནང་འདྲེན་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་32.16ཟིན་པ་དེ་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་ཟམ་མི་ཆད་པར་རིམ་པ་འཕར་བའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ལས་བྱུང་བ། ཉེ་ཆར་སུའུ་ཀྲོའུ་ཡི་དྲོད་ཚད་དམའ་ཤོས་དར་ཆགས་པའི་མཚམས་སུ་སླེབས་པ་དང་དེས་ན་སུའུ་ཀྲོའུ་གྲོང་ལྷོར་གནས་པའི་ཝུའུ་ཀྲུང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་སྔར་བཞིན་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་ཡོད། སུའུ་ཀྲོའུ་ཡི་འགག་སྒོའི་གྲངས་གཞི་ལས་མངོན་གསལ། 2020ལོར་ཁྲལ་སྲུང་ཁུལ་དེས་ནང་འདྲེན་ཕྱིར་གཏོང་ཁུལ་དངོས་ཟོག་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་49.7རིགས་དབྱེའི་ལྟ་འདོམས་བྱས་པ་དེ་2019ལོ་དང་བསྡུར་ཚེ་95%འཕར་བ་རེད།
    “2020ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ཐད་དུས་ཚིགས་དང་པོར་ཡོ་ལང་བྱུང་རྗེས་མགྱོགས་མྱུར་བརྟན་དུ་ཕྱིན་པ་དང་ལོ་འཁོར་མོའི་ནང་འདྲེན་ཕྱིར་གཏོང་གི་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད”ཅེས་ལི་ཁུའེ་ཝུན་གྱིས་ངོ་སྤྲོད་བྱས་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། 2020ལོའི་ཟླ་དང་པོ་ནས་བཅུ་པ་བར་རང་རྒྱལ་གྱི་ནང་འདྲེན་ཕྱིར་གཏོང་དང་། ཕྱིར་གཏོང་། ནང་འདྲེན་བཅས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་གྱིས་བསྡུར་ཚད་བཟུང་ཚད་12.8%དང་། 14.2% 11.5%བཅས་སོ་སོར་ཟིན་ནས་དེ་གོང་གི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཀྱི་རིན་ཐང་བརྒྱ་ཆའི་གྲངས་0.8དང་། 0.4 0.7བཅས་སོ་སོར་ཟིན་པ་དང་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་དང་པོའི་གནས་བབ་དེ་བས་སྲ་བརྟན་བྱུང་བ་རེད།
    “རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆས་ནང་འདྲེན་རྒྱ་ཆེར་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་ལི་ཁུའེ་ཝུན་གྱིས་བརྗོད་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་འོག་གོ་ལ་ཧྲིལ་པོའི་ཚོང་དོན་འབོར་ཚད་ཆེན་པོས་ཉམས་རྒུད་བྱུང་བ་དང་དེས་ན་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དེ་བས་མངོན་གསལ་དོད་དུ་ཕྱིན་ཏེ་ནང་འདྲེན་དགོས་མཁོ་བརྟན་པོ་བྱུང་ཡོད། 2020ལོར་རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་དང་ལྕགས་རིགས་གཏེར་བྱེ་སོགས་ཐོན་ཁུངས་རྣམ་པའི་ཐོན་རྫས་ནང་འདྲེན་བྱེད་ཚད་7.3%དང་7%སོ་སོར་འཕར་བ་དང་དུས་མཚུངས་རང་རྒྱལ་གྱི་སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་ཟོག་ཕྱིར་གཏོང་མུ་མཐུད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ལོ་འཁོར་མོའི་འཕྲུལ་གློག་ཐོན་ཟོག་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་10.66ཟིན་ནས་6%འཕར་བ་རེད། ལག་ཁྱེར་གློག་ཀླད་དང་། ཁྱིམ་སྤྱོད་གློག་ཆས། སྨན་བཅོས་དཔྱད་ཆས་བཅས་དང་དེ་བཞིན་ཡོ་ཆས་ཕྱིར་གཏོང་བྱེད་ཚད་20.4%དང་། 24.2% 41.5%བཅས་སོ་སོར་འཕར་བ་རེད།
    — — དངོས་ཟོག་ཚོང་དོན་ནང་འདྲེན་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་32.16ཟིན་པ་དེ་ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་འཕར་བ་ལས་བྱུང་བ། “པེ་ཅིང་འགག་སྒོའི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ངེད་ཚོར་ཡོ་རོབ་མནའ་འབྲེལ་གྱི་བླང་བྱ་ལྟར་ཐོན་སྐྱེད་ལས་སྣོན་བཟོ་རྩལ་ལེགས་བཅོས་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་རྒྱུ་མའི་ཐོན་སྐྱེད་ལས་སྣོན་ཚང་མ་ཡོ་རོབ་མནའ་འབྲེལ་གྱི་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ཡོད”ཅེས་པེ་ཅིང་ཆིའུ་ཧྲི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ནང་འདྲེན་ཕྱིར་གཏོང་པུའི་ཅིང་ལི་ལིའུ་ཁྲང་ཧྥང་གིས་བཤད་པ་དང་2020ལོར་ཀུང་སིའི་ཕྱི་ཕྱོགས་ཚོང་དོན་ལྡོག་ཕྱོགས་ངང་འཕར་ནས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.8རི་བའི་རྒྱུ་མ་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་10%འཕར་བ་རེད། 2020ལོར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“བརྟན་པོ་དྲུག”གི་
ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ་འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་ལས་དོན་སྤྱི་འདོམས་ཡག་པོ་བྱས་ནས་ཕྱི་ཕྱོགས་ཚོང་དོན་ཁྲོམ་རའི་བྱེད་པོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་དུས་མཚུངས་ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོའི་གསོན་ཤུགས་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་བཏང་བ་རེད།
    གྲངས་གཞི་ལས་མངོན་གསལ། 2020ལོར་རང་རྒྱལ་ལ་ནང་འདྲེན་ཕྱིར་གཏོང་གི་གྲུབ་འབྲས་དངོས་ཐོན་པའི་ཁེ་ལས་ཁྲི་53.1ཡོད་པར་6.2%འཕར་བ་དང་། དམངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ནང་འདྲེན་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་14.98ཟིན་ནས་11.1%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་46.6%བཟུང་ཡོད།“དམངས་གཉེར་ཁེ་ལས་ཀྱིས་དཀའ་ངལ་སྔོན་ལ་བསུས་ཏེ་རྒྱལ་སྤྱིའི་ཁྲོམ་ར་ཧུར་ཐག་བཏོད་ནས་ལོ་འཁོར་མོའི་ནང་འདྲེན་ཕྱིར་གཏོང་དང་ཕྱིར་གཏོང་འཕར་ཚད་དེ་འཕར་ཚད་སྤྱི་ཡོངས་ལས་བརྒྱ་ཆའི་གྲངས་9.2དང་8.3གྱིས་མཐོ་བ་ཡོད”ཅེས་ལི་ཁུའེ་ཝུན་གྱིས་བརྗོད་པ་རེད།
    — — དངོས་ཟོག་ཚོང་དོན་ནང་འདྲེན་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་32.16ཟིན་པ་དེའང་ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་ལས་བྱུང་བ།
     ཟླ་1ཚེས་10ཉིན་ཧྲན་ཏུང་གི་ཕྱི་རྒྱལ་གྱི་ཚོང་དོན་ཚད་ཡོད་ཀུང་སིའི་སྒོར་ཁྲི་15ཙམ་ཟིན་པའི་ཕྱིར་གཏོང་དངོས་ཟོག་ཁག་གཅིག་ཆིང་ཏའོ་ཡི་ཆན་དབན་གྲུ་ཁ་ནས་བདེ་བླག་ངང་གྲུ་གཟིངས་ནང་བླུགས་ཏེ་རྒྱ་མཚོ་ནས་ཐོན་ཡོད། ཀུང་སི་དེའི་འབྲེལ་ཡོད་འགན་ཁུར་བས“ཆིང་ཏའོ་འགག་སྒོས་ཆུ་ཚོད་24རིང་ཁ་ཆད་དང་ལས་དུས་འཕར་མའི་ལམ་ལུགས་ཁྱབ་གདལ་བཏང་ནས་ངེད་ཚོས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱིར་གཏོང་བྱེད་པར་སྟབས་བདེ་བསྐྲུན་ཡོད”ཅེས་བཤད་པ་རེད།
    གྲངས་གཞི་ལས་མངོན་གསལ། 2020ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་འགག་སྒོས་དྲ་ཐོག་ཚོང་དོན་གྱི་ཁེ་ལས་ཀྱིས་ཁེ་ལས(B2B)ཀྱི་ཕྱིར་གཏོང་ཚོད་ལྟའི་ལས་དོན་གསར་གཏོད་ངང་སྤེལ་བ་དང་ལོ་འཁོར་མོའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ནང་འདྲེན་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་1.69ཟིན་ནས་31.1%འཕར་བ་དང་ཁྲོམ་རའི་ཉོ་སྒྲུབ་ཕྱིར་གཏོང་25.2%འཕར་ནས་ལས་རྣམ་གསར་པ་དེ་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་བ་རེད།
   2021ལོར་རྒྱལ་ནང་གི་འཁོར་རྒྱུག་ཆེ་མོ་བྱེད་པོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་རེས་བྱེད་པའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་སྐྲུན་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལེགས་ཆ་ཟམ་མི་ཆད་པར་ཆགས་པ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ནང་འདྲེན་ཕྱིར་གཏོང་གི་གཞི་ཁྱོན་མུ་མཐུད་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་རེ་ཡོད་པ། ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ་བཅས་ཐུབ་རྒྱུ་རེད་ཅེས་ལི་ཁུའེ་ཝུན་གྱིས་བརྗོད་པ་རེད།