འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།ཧོ་པེ་ལ་མངའ་རིས་ཀྱིས་རིམས་འགོག་ཞལ་འདེབས་ཕུལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་15ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་པར་བླངས་པའི་བོད་ལྗོངས་མངའ་རིས་ཀྱིས་ཧོ་པེ་ལ་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ཡིན།
འདི་ནི་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་པར་བླངས་པའི་བོད་ལྗོངས་མངའ་རིས་ཀྱིས་ཧོ་པེ་ལ་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ཡིན། 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན་གྱི་ཉིན་གུང་། A330ཅན་གྱི་ཞེང་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ལུག་ཤ་དང་གཏེར་ཆུ། ནག་པོ་དགུ་སྦྱོར་སོགས་རིམས་འགོག་དངོས་རྫས་བཅུག་ནས། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ཏེ། པེ་ཅིང་རྒྱལ་སའི་གནམ་ཐང་བརྒྱུད་དེ་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་འཕུར། འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཧོ་པེ་ཞིང་ཆེན་ལ་ཞལ་འདེབས་བརྒྱབ་པའི་རིམས་འགོག་རོགས་སྐྱོར་དངོས་རྫས་ཁག་དང་པོ་དེ་ཡིན་ཞིང་། ཧོ་པེ་ཞིང་ཆེན་ལ་གངས་ལྗོངས་མཐོ་སྒང་གི་སྨོན་འདུན་བསྐྱལ་ཡོད། 
   ཧོ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁབ་ལེན་པའི་ཆེད། ཧོ་པེ་ཡི་ཁ་གཏད་རོགས་སྐྱོར་ས་ཁུལ་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཧོ་པེ་ཞིང་ཆེན་ཧྲི་ཅང་ཀྲོང་ལ་རིན་ཐང་སྒོར་ཁྲི་180ཟིན་པའི་འཚོ་བའི་དངོས་རྫས་བསྡུ་རུབ་བྱས་ཡོད་པ་སྟེ། གཏེར་ཆུ་ཏུན་40དང་། ལུག་ཤ་སྤྱི་རྒྱ་4000  ནག་པོ་དགུ་སྦྱོར་རིལ་བུ་6000བཅས་རེད། དེའི་ཁྲོད་དུ་གཏེར་ཆུ་ཏུན་14དང་། ལུག་ཤ་སྤྱི་རྒྱ་4000 ནག་པོ་དགུ་སྦྱོར་རིལ་བུ་6000བཅས་ཚེས་13ཉིན་གྱི་སྔ་དྲོར་ཧྲི་ཅ་ཀྲོང་དུ་བསྐྱལ་ཟིན་ཡོད། འཕྲོ་མའི་གཏེར་ཆུ་ཏུན་26ཉེ་ཆར་ལྕགས་ལམ་བརྒྱུད་ནས་གྲོང་ཁྱེར་དེར་བསྐྱལ་རྒྱུ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཞལ་འདེབས་དངོས་རྫས་སྐྱེལ་འདྲེན་ལས་དོན་ཡག་པོ་བསྒྲུབ་ཆེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་མགྱོགས་པོར་ལན་བསློགས་པ་སྟེ། དེ་མ་ཉིད་དུ་ལྗང་མདོག་འགན་སྲུང་བགྲོད་ལམ་ཕྱེ་ཞིང་། མཁའ་འགྲུལ་ཀུང་སི་དང་སྙོམ་སྒྲིག་གང་ལེགས་བྱས་ནས་སྡོད་ས་དང་ཐེག་ཚད་ཐོབ་པ་བྱས་ཡོད། དངོས་རིགས་ཀྱི་ཁྱད་ཆོས་ལ་དམིགས་ནས། ལས་སྒོའི་རྐང་འཛིན་པ་བཀོད་སྒྲིག་བྱས་ནས་དངོས་རྫས་བསྡུ་བ་དང་སྐྱེལ་འདྲེན། ནང་འཇུག་བཅས་ལ་ཆེད་དོན་གྱི་འགན་སྲུང་བྱས་ཡོད། བདེ་འཇགས་ཞིབ་བཤེར་སྡེ་ཚན་གྱིས་ཤུགས་ཆེན་པོས་མཐུན་སྦྱོར་བྱས་པར་བརྟེན།  ཞལ་འདེབས་དངོས་རྫས་བདེ་འཇགས་ཞིབ་བཤེར་བྱས་པ་བརྒྱུད་མགྱོགས་པོར་གནམ་གྲུའི་ནང་བདེ་བླག་ངང་བཅུག་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835335.html)
འདི་ནི་པེ་ཅིང་རྒྱལ་སའི་གནམ་ཐང་ནས་པར་བླངས་པའི་བོད་ལྗོངས་མངའ་རིས་ཀྱིས་ཧོ་པེ་ལ་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་འཇུག་སྣོད་ཀྱི་རླངས་འཁོར་ཡིན།
འདི་ནི་པེ་ཅིང་རྒྱལ་སའི་གནམ་ཐང་ནས་པར་བླངས་པའི་བོད་ལྗོངས་མངའ་རིས་ཀྱིས་ཧོ་པེ་ལ་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་འཇུག་སྣོད་ཀྱི་རླངས་འཁོར་ཡིན།