འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་15ཉིན།

༄༅།།སྦྱོང་འགོ་ཚུགས་ཕྱི་རུང་སྔར་བཞིན་རྒྱལ་ཁ་བླངས།

—— འཁྱགས་འདྲེད་སྤོ་ལོར་དགའ་བའི་ཟི་ལིང་གི་ན་ཆུང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་15ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “སྤོ་ལོ་འཕྲོག་སོང་། མགྱོགས་པོ་འགོག་པར་རྒྱུག”ཅེས་འཁྱགས་འདྲེད་སྤོ་ལོའི་རྩལ་ཁྲིད་པ་ཧྥུའུ་ལེ་ཡི་བཀའ་ཐོས་རྗེས་ལི་མདོག་གི་ལུས་རྩལ་གྱོན་ཆས་གྱོན་པའི་ན་ཆུང་སྤོ་ལོ་བ་འགའ་ཞིག་གིས་འཕྲལ་དུ་རྒྱུག་སྟེ་རུ་མི་གཞན་གྱི་ས་ནས་སྤོ་ལོ་འཕྲོག་ཐབས་བྱས། 
    དགུན་དུས་ཀྱི་མཚན་མོར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10བར་ཆག་མོད། འོན་ཀྱང་འཁྱགས་འདྲེད་སྤོ་ལོ་ཁང་ནང་ཚོགས་ཆུང་གཉིས་ཀྱི་རུ་མིས་འཁྱགས་སྟེང་དུ་རྔུལ་ཆུ་ཁྲུམ་ཁྲུམ་ངང་འཁྱགས་འདྲེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་ཡོད། འགྲན་བསྡུར་འཁྲུག་ཆ་དོད་ལ་ལྟད་མོ་བ་ཚོ་ཡང་སྤྲོ་བ་རབ་ཏུ་འཕེལ། ན་ཆུང་སྤོ་ལོ་བ་ཀྲང་ཐིང་ཡུས་ཀྱི་ཨ་མ་ཧུའུ་མེའོ་ཀྲན་གྱིས་སྐྱོར་གྱི་འགྲམ་དུ་ལངས་ནས་རང་ཉིད་ཀྱི་བུ་ལ་ལྟ་བཞིན། སྐབས་སྐབས་སུ་ཁྱིམ་བདག་གཞན་དང་ཕྲུ་གུ་ཚོའི་སྤོ་ལོ་རྒྱག་རྩལ་གླེང་བཞིན་ཡོད།
    “2018ལོར། བུས་ཁྲེང་ཏུའུ་ནས་གཞན་གྱིས་འཁྱགས་འདྲེད་སྤོ་ལོ་བརྒྱབ་པ་ཐེངས་དང་པོ་མཐོང་སྐབས། འཁྱགས་འདྲེད་སྤོ་ལོ་སྦྱོང་གི་ཡིན་ཞེས་བཤད་བྱུང”ཧུའུ་མེའོ་ཡིས། དེ་དུས་ཟི་ལིང་ལ་འཁྱགས་འདྲེད་སྤོ་ལོ་རྒྱག་ས་མེད་པས་དབྱར་གསེང་དང་དགུན་གསེང་སྐབས་ཕྲུ་གུ་ཕྱིར་འཁྱགས་ཤུད་སྦྱོང་བར་འགྲོ་རྒྱུ་ལས་མ་འདས་ཞེས་བཤད། ཧུའུ་མེའོ་ཡི་བྱ་དཀའ་བྱེད་གཏད་ཀྱི་རྣམ་འགྱུར་ཐོག་ནས་སྐབས་དེ་དུས་ཟི་ལིང་དུ་འཁྱགས་རྩེད་ལུས་རྩལ་འཕེལ་རྒྱས་གཏོང་བར་དཀའ་ངལ་ཡོད་པའང་ཤུགས་སུ་མཐོང་ཐུབ། 
    2019ལོའི་ཟླ་12པར་ཟི་ལིང་དུས་རབས་ཤིང་པིང་གི་ལུས་རྩལ་ལྟེ་གནས་དངོས་སུ་སྒོ་ཕྱེ་བ་དང་ཀྲང་ཐིང་ཡུས་ཀྱང་ལུས་རྩལ་ལྟེ་གནས་ཀྱི་འཁྱགས་འདྲེད་སྤོ་ལོ་སྦྱོང་མཁན་ཐེངས་དང་པོའི་གྲས་སུ་གྱུར་ཡོད།“2020ལོའི་ཟླ་5པར། ང་ཚོས་ལོ་ཆུང་འཁྱགས་འདྲེད་སྤོ་ལོའི་གྲ་སྒྲིག་རུ་ཁག་ཅིག་བཙུགས་པར་དང་ཐོག་འཁྱགས་འདྲེད་སྤོ་ལོ་རྒྱག་མཁན་19ལས་བསྡུ་ཐུབ་མ་བྱུང”ཞེས་ཟི་ལིང་དུས་རབས་ཤིང་པིང་ལུས་རྩལ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཧོ་ཅ་ཁེ་ཡིས་བཤད། ད་ཆ་ཟི་ལིང་གི་འཁྱགས་ཤུད་ལུས་རྩལ་གྱི་རྣམ་པ་ཉིན་རེ་ལས་མ་འདས་པར་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པ་དང་། ཕྲུ་གུ་ཚོར་ཡང་འཁྱགས་འདྲེད་སྤོ་ལོ་སྦྱོང་བའི་གོ་སྐབས་ཇེ་མང་དུ་སོང་ནས་ད་ཆ་གྲ་སྒྲིག་རུ་ཁག་ལ་རུ་མི་130ཙམ་ཡོད།
    རྩལ་ཁྲིད་པ་ཧྥུའུ་ལེ་ནི“འཁྱགས་འདྲེད་སྤོ་ལོའི་གྲོང་ཁྱེར”ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་ནས་ཡིན་པ་དང་། ཁོང་གིས་ད་བར་འཁྱགས་འདྲེད་སྤོ་ལོའི་རྩལ་ཁྲིད་པ་ཞིག་ཁོང་གིས་བྱང་ཤར་ས་ཁུལ་དང་བསྡུར་ན་མཚོ་སྔོན་ལ་འཁྱགས་འདྲེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་གཏོང་བའི་ཐུན་མོང་མིན་པའི་ལེགས་ཆ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།“འཁྱགས་འདྲེད་སྤོ་ལོ་ནི་ཕན་ཚུན་འཕྲོག་རེས་བྱེད་པའི་འགྲན་བསྡུར་ཛ་དྲག་པོ་ཞིག་ཡིན་ལ་ལུས་ཤུགས་ཟད་ཆེ་བའི་ལུས་རྩལ་ཞིག་ཀྱང་རེད”ཧྥུའུ་ལེ་ཡིས། ཟི་ལིང་མཚོ་བོད་ས་མཐོར་གནས་པས་ཕྲུ་གུ་ཚོའི་དབུགས་ཐག་རིང་པོ་ཡོད་པ་དེ་ནི་འགྲན་བསྡུར་ཁྲོད་ཀྱི་ལེགས་ཆ་གལ་ཆེན་ཞིག་རེད་ཅེས་བཤད།
    ཀྲང་ཐིང་ཡུས་གནས་སའི་མཚོ་སྔོན་ཧྲའན་ཤིས་མཉམ་འབྲེལ་རུ་ཁག་མ་གཞི་སྦྱོང་བརྡར་བྱེད་འགོ་འཛུགས་དུས་ཕྱི་བ་དང་དུས་ཚོད་ཐུང་རུང་2020ལོར་འཚོགས་པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་འཁྱགས་འདྲེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་U12ཚོགས་ཆུང་གི་འགྲན་བསྡུར་ཁྲོད། ཁོང་ཚོར་རྒྱལ་ཁ་ཐོབ་ཡོད།
    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་གི་རང་ཉིད་ཀྱི་དམིགས་ཚད་སྐོར་གླེང་སྐབས་ཀྲང་ཐིང་ཡུས་ཀྱིས་རྨོག་ཞྭ་ཕུད་དེ“ངའི་དམིགས་ཚད་ནི་ལོ་ཆུང་ཚོགས་ཆུང་གི་སྤོ་ལོ་བ་ལེགས་ཤོས་ནང་ཚུད་པ་བྱས་ཏེ་རུ་ཁག་ལ་ཨང་དང་པོ་ལེན་རོགས་བྱ་རྒྱུ་དེ་ཡིན”ཞེས་བཤད།