འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།ཕོ་རྒོད་གསུམ་གྱིས་སྐར་མ་10ནང་མི་ཞིག་གི་སྲོག་བསྐྱབས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕོ་རྒོད་གསུམ་གྱིས་སྐར་མ་10ནང་མི་ཞིག་གི་སྲོག་བསྐྱབས།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད་པའི་བོད་ལྗོངས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་བྱིས་པ་ལོ་8ཅན་ཞིག་གཟབ་གཟབ་མ་བྱས་པར་དར་ཆགས་པའི་མཚེའུ་ནང་ལྷུངས་པ་དང་། སྟབས་ལེགས་པ་ཞིག་ལ་ལམ་འགྲོ་བ་བོད་ཀྱི་ཕོ་རྒོད་གསུམ་གྱིས་དེ་མ་ཐག་ཏུ་བྱིས་པའི་སྲོག་བསྐྱབས་པ་རེད། 
    དཔའ་བོ་འདི་གསུམ་པོའི་མིང་ནི་ཀུན་གྱིས་སེམས་ལ་འཇགས་པར་འཚལ་ཏེ། ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང་། དབང་ཕྱུག་རྡོ་རྗེ་བཅས་རེད། 
   ཁོང་གསུམ་པོས་ལག་པས་དར་བཅག་ནས། ཆུ་ནང་དུ་ལྷུངས་པའི་བྱིས་པ་སྐར་མ་10ནང་སྲོག་བསྐྱབས་པ་རེད། ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང་ནི་ལས་གྲོགས་ཡིན་ཞིང་། ཁྱིམ་ཚང་གཉིས་ཀའི་བར་ཐག་ཉེ་བས་ཁོང་གཉིས་ཀྱིས་ཟླ་གཉིས་རེར་ཁྱིམ་ལ་ཐེངས་རེ་ལོག་རྒྱུའི་ཁ་ཆད་བྱས་པ་དང་། རང་ཡུལ་ལ་ལོག་པའི་ལམ་བར་དུ་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་བརྒྱུད་དུས་ནམ་རྒྱུན་ཁོང་གཉིས་ཀས་གནས་འདིར་ངལ་གསོ་བྱེད་སྲིད། 
   ཟླ་1ཚེས་8ཉིན། ཁོང་གཉིས་ཀ་སྔར་བཞིན་རླངས་འཁོར་བཏང་ནས་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ངལ་གསོ་བྱེད་སྐབས། བྱིས་པའི་ངུ་སྐད་གསལ་ལ་མི་གསལ་བ་ཞིག་ཐོས་པ་རེད། དང་ཐོག་དོ་སྣང་མ་བྱས་ཀྱང་། ཅུང་ཙམ་འགོར་རྗེས་ཉི་མ་ཚེ་རིང་གིས་མི་ཞིག་ཆུ་ནང་དུ་ལྷུངས་སོང་བ་ཚོར་བྱུང་། 
    ཡེ་ཤེས་དངོས་གྲུབ་ཀྱིས། “སྐབས་དེར་བྱིས་པ་དེ་འགུལ་རྒྱུ་མི་འདུག ང་ཚོ་དང་བར་ཐག་རིང་བ་དང་། ང་ནི་ཉེ་སྒྲིབ་མིག་ཡིན་པས་གསལ་པོ་ཞིག་མཐོང་གི་མི་འདུག ཡུད་ཙམ་ལ་ཐེ་ཚོམ་བྱས”དེའི་སྐབས་སུ་ཨ་ཅག་ཞིག་ཁ་གཏད་དུ་ངུ་ཞོར་རྒྱུགས་ཞོར་བྱས་ནས་ཡོང་དུས་ཁོང་ཚོས་ད་གཟོད་ཧ་གོ་ནས་དར་ཆགས་ཡོད་པའི་གྲུ་གུ་མཚེའུ་ཕྱོགས་སུ་བརྒྱུགས་པ་རེད། 
   ཡེ་ཤེས་དངོས་གྲུབ་དང་ཉི་མ་ཚེ་རིང་གིས་ཐོག་མར་དར་གྱི་ཐོག་ནས་བྱིས་པའི་ཕྱོགས་སུ་དལ་མོར་གོག་བགྲོད་བྱས་ཤིང་། དར་མཐུག་པོ་ཆགས་མེད་པས་ཡེ་ཤེས་དངོས་གྲུབ་ཆུ་ནང་དུ་ལྷུངས་པ་དང་འཕག་འཚེག་འགའ་བྱས་རྗེས་ད་གཟོད་ཡར་ལངས་ཐུབ་ཅིང་མིག་ཤེལ་མཐོང་ས་ཞིག་ལ་མེད། 
   སྐབས་དེར། ཉེ་འཁོར་དུ་ཡོད་པའི་དབང་ཕྱུག་རྡོ་རྗེས་གནས་ཚུལ་ཐོས་ནས་འཕྲལ་དུ་གནས་དེར་ཡོང་ནས་སྐྱོབ་རོགས་བྱས་པ་རེད། བྱིས་པའི་གམ་དུ་རོགས་སྐྱོབ་ཐག་པ་དབྱུགས་ཡོད་རུང་ཁོས་འཛིན་མི་ཐུབ་པ་མཐོང་དུས། ཉི་མ་ཚེ་རིང་ཁོང་གཉིས་ཐད་ཀར་དར་ཆགས་པའི་མཚེའུ་ནང་དུ་མཆོངས་ཏེ། ལག་ངར་གྱིས་དར་བཅགས་ཅིང་གོམ་པ་རེ་རེ་བཞིན་བྱིས་པའི་ཕྱོགས་སུ་དལ་གྱིས་བསྐྱོད་པ་རེད། ལག་པར་དར་གྱིས་བཤུས་ན་ཡང་། ཁོང་ཚོ་སྔར་བཞིན་མདུན་དུ་བསྐྱོད་ནས་སྐར་མ་བཅུ་ཙམ་གྱི་རྗེས་སུ་བྱིས་པ་པང་དུ་བླངས་ནས་ཆུ་འགྲམ་དུ་ལོག་ཐུབ་པ་རེད། 
   “དེ་ལ་ཉེན་ཁ་ཆེ་ན་ཡང་སྒྲུབ་འོས་པ་ཞིག་པ་རེད།”དེ་ཉིན་བྱིས་པ་དེས་ཚོང་ཁང་ནས་སིལ་བཟས་ཉོས་རྗེས་དར་ངོས་སུ་འགྲོ་དུས། བསམ་ཡུལ་ལས་འདས་པ་ཞིག་ལ་དར་གས་ནས་འཁྱགས་ཁུང་ནང་དུ་ཟུག་པ་རེད། གལ་ཏེ་སེམས་བཟང་ཅན་ཚོས་རོགས་སྐྱོབ་བྱས་མེད་ན་མཇུག་འབྲས་སེམས་ཀྱི་མི་བཟོད་པ་ཞིག་འབྱུང་རྒྱུ་ཁོ་ཐག་རེད། 
   བྱིས་པ་དེ་སྐྱོབ་པའི་ཆེད་དུ། ཡེ་ཤེས་དངོས་གྲུབ་དང་། ཉི་མ་ཚེ་རིང་། དབང་ཕྱུག་རྡོ་རྗེ་གསུམ་པོའི་ལུས་ལ་རྨ་བཟོས་ཡོད་པ་དང་། གཟུགས་པོ་འཁྱགས་རེངས་སུ་གྱུར་ནས་ཉེ་འགྲམ་གྱི་ཆུ་ཚན་ནང་ཡུན་རིང་པོར་ཞུགས་རྗེས་ད་གཟོད་བསྐྱར་གསོ་བྱུང་ཡོད། 
   ཡེ་ཤེས་དངོས་གྲུབ་ཀྱིས་ཐེངས་འདིར་བྱིས་པ་སྐྱོབ་པར“ཉེན་ཁ་ཆེ་ན་ཡང་སྒྲུབ་འོས་པ་ཞིག་རེད”ཟེར།  དེ་ཡང་སྐབས་དེར་ཐེ་ཚོམ་མེད་པ་རོགས་སྐྱོབ་བྱེད་པའི་སྐོར་གླེང་དུས། ཉི་མ་ཚེ་རིང་གིས་རང་ཉིད་ནི་དམག་ཞབས་ཐིམ་པའི་དམག་མི་རྒན་པ་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དམགས་དཔུང་གི་གཟི་བརྗིད་ཀྱི་འོས་འགན་སེམས་ལ་བཅངས་ཡོད་ཅེས་བཤད། 
   གསུམ་པོའི་ནང་ནས་དབང་ཕྱུག་རྡོ་རྗེ་ནི་ཨ་ཕ་ཆགས་ཡོད། བྱིས་པ་ཆུ་ནང་དུ་ལྷུངས་པ་མཐོང་དུས་རོགས་བྱེད་རྒྱུ་ནི་རྒྱུན་ལྡན་གྱི་དོན་དག་ཅིག་རེད་ཟེར། ཁོང་གིས“དོན་དག་འདི་ལས་བྱམས་སྙིང་རྗེ་དང་དྲང་བདེན་གྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ནས། ཀུན་གྱིས་འདི་ལྟར་བྱ་བ་བཟང་པོ་བྱེད་པའི་རེ་བ་ཡོད་”ཅེས་བཤད། 
   འཇིག་རྟེན་ཁམས་འདི་ན་ལྷ་ལས་བབས་པ་ཞིག་མེད་ན་ཡང་འཇིགས་པ་མེད་མཁན་ནི་ནམ་ཡང་རྒྱུན་ཆད་མ་མྱོང་། དཔའ་བོ་རྣམས་པ་ལ་ང་ཚོས་རྗེས་སུ་ཡི་རང་བྱེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835221.html)
【1】  【2】
༄༅།།ཕོ་རྒོད་གསུམ་གྱིས་སྐར་མ་10ནང་མི་ཞིག་གི་སྲོག་བསྐྱབས།