འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།ཐེ་རོན་ཕུར་སླར་ཡང་ནག་ཉེས་ཐེར་འདོན་བྱ་རྒྱུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ནས་པར་བླངས་པའི་རྒྱལ་ཚོགས་ཐོག་ཁང་ཡིན་པ།
འདི་ནི་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་ནས་པར་བླངས་པའི་རྒྱལ་ཚོགས་ཐོག་ཁང་ཡིན་པ།
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་ཨ་རིའི་རྒྱལ་ཚོགས་གྲོས་ཁང་གིས་ཙུང་ཐུང་ཐེ་རོན་ཕུར་དམིགས་པའི་ནག་ཉེས་ཐེར་འདོན་བྱ་རྒྱུའི་དོན་ཚན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ཁོས“ངོ་ལོག་ཟིང་འཁྲུག་བྱེད་དུ་འཇུག་པའི་ངན་སྐུལ་བྱས་ཡོད་”པའི་ཞུ་གཏུག་བྱས་པ་རེད། ཐེ་རོན་ཕུ་ནི་ཨ་རིའི་ལོ་རྒྱུས་ཐོག་ནག་ཉེས་ཐེར་འདོན་ཐེངས་གཉིས་ཐེབས་པའི་ཙུང་ཐུང་དང་པོར་གྱུར་ཡོད།
   ཨ་རིའི་གྲོས་ཚོགས་གྲོས་ཁང་གིས་ཉིན་དེའི་ཕྱི་དྲོར་གྲོས་ཁང་ཡོངས་ཀྱིས་བརྡས་ཐག་བཅད་རྗེས་འདེམས་ཤོག་232ཀྱིས་མོས་མཐུན་བྱས་པ་དང་འདེམས་ཤོག་197གྱིས་ངོ་རྒོལ་བྱས་པའི་མཇུག་འབྲས་ཐོག་ནས་ཐེ་རོན་ཕུར་ནག་ཉེས་ཐེར་འདོན་བྱ་རྒྱུའི་དོན་ཚན་གྲོས་འཆམ་བྱུང་བ་རེད། དམངས་གཙོ་ཏང་གི་གྲོས་མི་ཚང་མ་དང་ཀྲུང་དབྱི་ཡོའན་སྤྱི་མཐུན་ཏང་གི་མི་སྣ་ཨང་གསུམ་པ་ཆེ་ཉི་སོགས་སྤྱི་མཐུན་ཏང་གི་གྲོས་མི་10ཡིས་འདེམས་ཤོག་འཕངས་ནས་ནག་ཉེས་ཐེར་འདོན་བྱ་རྒྱུའི་དོན་ཚན་ལ་རྒྱབ་སྐྱོར་བྱས་པ་རེད། 
   འདེམས་ཤོག་མ་འཕངས་གོང་གྲོས་ཁང་གི་གྲོས་དཔོན་ཕེ་ལུའོ་ཤི་ཡིས། ཨ་རིར་མཚོན་ན་ཐེ་རོན་ཕུ་ནི“མངོན་གསལ་དོད་ལ་དངོས་ཡོད་ཀྱི་ཉེན་ཁ”ཞིག་ཡིན་ཞེས་བསྟན། ནག་ཉེས་ཐེར་འདོན་ལ་ངོ་རྒོལ་བྱེད་མཁན་གྲོས་ཁང་གི་སྤྱི་མཐུན་ཏང་གི་གཙོ་འཛིན་མའེ་ཁ་ཤི་ཡིས་ཐེ་རོན་ཕུས་རྒྱལ་ཚོགས་ཧྲན་གྱི་ཟིང་ཆར“འགན་འཁྲི”འཁུར་དགོས་ཞེས་བཤད།
   ནག་ཉེས་ཐེར་འདོན་གྱི་གྱོད་གཞི་དེ་གྲོས་གཅོད་ཁང་གིས་ཞིབ་གཅོད་བྱེད་པའི་གོ་རིམ་ལ་སླེབས་ཡོད་ཅིང་། ཉུང་མཐར་ཡང་གྲོས་གཅོད་པ་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་རྗེས་གཞི་ནས་ཐེ་རོན་ཕུར་ནག་ཉེས་གཏན་འཁེལ་བྱེད་ཐུབ། རྒྱལ་ཚོགས་ཀྱི་གྲོས་གཅོད་ཁང་གི་ཏང་མང་ཆེ་བའི(སྤྱི་མཐུན་ཏང་)གཙོ་འཛིན་མའེ་ཁང་ནེར་གྱིས་ཉིན་དེར་གྲོས་གཅོད་ཁང་གིས་ནག་ཉེས་ཐེར་འདོན་གྱི་གྱོད་གཞི་འདྲི་གཅོད་བྱ་ཆེད་སྔོན་ལ་ཚོགས་འདུ་སླར་གསོ་བྱེད་མི་སྲིད་ཅེས་བཤད་པ་རེད། དེའི་ཐོག་ནས་ནག་ཉེས་ཐེར་འདོན་གྱི་གྱོད་གཞི་འདྲི་གཅོད་བྱ་རྒྱུ་དེ་བདམས་ཐོན་བྱུང་བའི་ཙུང་ཐུང་པའེ་ཏེང་གིས་ཟླ་1ཚེས་20ཉིན་གྱི་ཉིན་དགུང་འགན་མ་བཞེས་སྔོན་དུ་མི་སྤེལ་བ་མཚོན་ཐུབ། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15835219.html)
འདི་ནི་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ལག་ཏུ་“ནག་ཉེས་ཐེར་འདོན”ཞེས་པའི་ཁ་བྱང་བཟུང་བའི་སྐྱེས་པ་ཞིག་རྒྱལ་ཚོགས་ཐོག་ཁང་མདུན་ནས་འགྲོ་བཞིན་པ།
འདི་ནི་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ལག་ཏུ་“ནག་ཉེས་ཐེར་འདོན”ཞེས་པའི་ཁ་བྱང་བཟུང་བའི་སྐྱེས་པ་ཞིག་རྒྱལ་ཚོགས་ཐོག་ཁང་མདུན་ནས་འགྲོ་བཞིན་པ།