འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་9ཉིན“དགུན་དུས་ལུས་རྩལ་རྩེད་ནས་ཚང་མ་བདེ་ཐང་ཡོང་བ་བྱེད”ཅེས་པའི་མང་ཚོགས་ཀྱི་དགུན་དུས་ལུས་རྩལ་ཁྱབ་གདལ་བྱེད་སྒོ་སྟེ“དམངས་ཡོངས་ཀྱི་གངས་འཁྱགས་ལུས་སྦྱོང་འགྲན་སློང་ཉིན་མོ”དང་མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་ཤིང་། ཧྲེང་ཀྲང་གཞོན་པ་དབྱང་ཧྥང་ཁྲུན་གྱིས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
   སྐབས་འདིའི་ལུས་རྩལ་འགྲན་ཚོགས་དུས་ཡུན་ཉིན་གཉིས་ཡིན་ཞིང། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་བརྗོད་དོན་གཙོ་བོར་བྱས་པའི་ལུས་རྩལ་འགྲན་ཚོགས་དང་པོ་དེ་རེད། དེའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྩལ་འགྲན་གངས་འཁྱག་རྣམ་གྲངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་གངས་འཁྱགས་ཀྱི་ལུས་རྩལ་ལ་སྐུལ་འདེད་བཏང་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཆེད་རྣམ་པ་ཟབ་མོ་གཏོད་རྒྱུ་ཡིན་པ་རེད།