འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། ཨ་རིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་ཁ་གཡར་ནས་ཁུ་པར་གནོན་ཤུགས་སྤྲོད་པ་དང་
བཀག་སྡོམ་བྱས་པར་ངོ་རྒོལ་བྱ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཕེ་ཨའོ་ཡིས་ཨ་རིས་ཁུ་པ་བསྐྱར་དུ་འཇིགས་སྐུལ་རིང་ལུགས་ཀྱི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མིང་ཐོའི་ནང་འཇོག་པར་དམིགས་ནས། ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུའི་འདོད་ཚུལ་མཐའ་གཅིག་ཏུ་འཛིན་མོད། འོན་ཀྱང་ཨ་རིས་འཇིགས་རྒོལ་ལ་ཁ་གཡར་ནས་ཁུ་པར་ཆབ་སྲིད་ཐད་གནོན་ཤུགས་སྤྲོད་པ་དང་དཔལ་འབྱོར་ཐད་བཀག་སྡོམ་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།
   དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲའོ་ལི་ཅན་གྱིས་གསར་འགོད་པས་བཏོན་པའི་འབྲེལ་ཡོད་གནད་དོན་ལ་ལན་རྒྱག་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་ཁུ་པ་དང་རྒྱུན་གཏན་གྱི་རྒྱལ་ཁབ་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ལ་ཏིང་མེ་གླིང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཡང་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།