འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་15བསྟུད་མར་འཛམ་གླིང་གི་ཨང་གཉིས་པ་
བརྟན་པོར་བཟུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་12ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་2021ལོའི་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་ལས་དོན་ཚོགས་འདུའི་ཐོག་2020ལོའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱིས་སྐྱེལ་འདྲེན་སྤྱིའི་འཁོར་རྒྱུག་བྱེད་ཚད་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བཅས་སྤྱི་ལེ་ཏུན་དུང་ཕྱུར་798.5དང་། མི་ཐེངས་དུང་ཕྱུར་4.2 ཏུན་ཁྲི་676.6བཅས་ཟིན་པ་དེ་2019ལོའི་61.7%དང་། 63.3% 89.8%བཅས་དང་མཚུངས་པས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་15བསྟུད་མར་འཛམ་གླིང་གི་ཨང་གཉིས་པ་བརྟན་པོར་བཟུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ལ་རྡབ་རྡེག་ཆེན་པོ་བཟོས་པའི་གནས་ཚུལ་འོག་རང་རྒྱལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་སྤྱད་པར་བརྟེན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས་གོ་ལ་ཧྲིལ་པོའི་ཁྲོད་ནས་སྔོན་ལ་མཐིལ་ཐུག་བསྐྱར་འཕར་བྱུང་སྟེ། གོ་ལ་ཧྲིལ་པོའི་ཁྲོད་སླར་གསོ་བྱུང་མགྱོགས་ཤོས་དང་འཁོར་རྒྱུག་ཡག་ཤོས་ཀྱི་མཁའ་འགྲུལ་ཁྲོམ་རར་གྱུར་ཡོད།