འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་13ཉིན།

༄༅།།མཚོ་སྔོན་གྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་ཞིང་ཆེན་དང་པུའུ་མཉམ་སྐྲུན་ལ་མཐུན་
སྦྱོར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་དངོས་སུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་13ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ཉིན་ཤས་གོང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། “མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཀྱི་བར་ཁྱད་2030ལོའི་གོང་དུ་མཐོ་ཤོས་སུ་སླེབས་པའི་བརྩོན་ལེན་བྱེད་པ་དང་2060ལོའི་གོང་ཐཱན་དོ་སྙོམས་ཡོང་བའི་བརྩོན་ལེན་ཧུར་ཐག་བྱེད་པའི”འཐབ་ཇུས་དམིགས་ཚད་མངོན་འགྱུར་གྱིས་མཚོ་སྔོན་གྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་སྐུལ་འདེད་དང་། ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལམ་སྲོལ་དང་བྱེད་ཐབས་གསར་གཏོད། ནུས་རྒྱུ་གཙང་མ་མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་བཅས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་འབྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད་མཚོ་སྔོན་གྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་ཞིང་ཆེན་དང་པུའུ་མཉམ་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་མཉམ་དུ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད།
   ལས་ཀའི་ལམ་སྲོལ་གྱིས་ཞིང་ཆེན་དང་པུའུ་མཉམ་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་ཆུང་འཛུགས་རྒྱུའི་གཏན་འཁེལ་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཐིང་དང་ཅུས་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་སི་དང་ཅུས་ཁོངས་མིའི་ཚན་པར་བྱས་ཏེ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་བྱེད་དགོས་པའི་སྲིད་ཇུས་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་བྱེད་དགོས། ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཨུ་ལྷན་བཙུགས་ཏེ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་དང་ལོ་འཁོར་གྱི་གཙོ་གནད་ལས་དོན་འཆར་གཞི་དོན་འཁྱོལ་བྱེད་ཚུལ་ལ་གཞིགས་ཏེ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྲིད་ཇུས་གལ་ཆེན་བཟོ་བ་དང་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་སོགས་ཀྱི་ཐད་བློ་འདྲི་དང་གྲོས་འགོ་འདོན་དགོས།    དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་དཔྱད་དཔོག་བྱས་ཏེ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་དུས་ཐོག་ཏུ་ཕྱོགས་གསུམ་པའི་སྒྲིག་གཞིར་ལས་འགན་ཁག་དང་དམིགས་ཚད་དོན་འཁྱོལ་གྱི་ཕན་འབྲས་དཔྱད་དཔོག་བྱ་རྒྱུར་མངགས་བཅོལ་དང་འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ནས་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་དང་གཞི་འཛིན་ས་མཁོ་འདོན་བྱེད་དགོས།