འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་13ཉིན།

༄༅།།ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཞན་ལ་མིག་དཔེ་བཟང་པོ་བཏོད་པ།

—— ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཐུའོ་ཅི་ཁེར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་13ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཐུའོ་ཅི་ཁེས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དུས་ཐུང་ནང་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་སྟེ་རྒྱལ་ཁབ་གཞན་དག་གིས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པར་མིག་དཔེ་བཟང་པོ་བཏོན་ཡོད་ཅེས་བརྗོད་པ་རེད།
   ཐུའོ་ཅི་ཁེས་2006ལོ་ནས་2011ལོའི་རིང་ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བའི་འགན་ཁུར་བ་དང་། དེ་སྔོན་བྷེ་ཨུ་རུ་སུའི་ཙུང་ལི་གཞོན་པའི་འགན་ཁུར་མྱོང་ཡོད། 2014ལོར་རྒན་ཡོལ་ཞུས་རྗེས་བྷེ་ཨུ་རུ་སུའི་རྒྱལ་བཙུཌ་སློབ་ཆེན་ཁུང་ཙི་སློབ་གླིང་གི་བྷེ་ཨུ་རུ་སུ་ཕྱོགས་ཀྱི་ཡོན་ཀྲང་བྱས་ཏེ་ཀྲུང་གོར་ཞིབ་འཇུག་གཏིང་ཟབ་དང་ཀྲུང་གོའི་སྐད་དང་རིག་གནས་ཁྱབ་གདལ་གཏོང་རྒྱུའི་ལས་ལ་གཞོལ་འགོ་ཚུགས་ཡོད།
   ཐུའོ་ཅི་ཁེས་ཡུན་རིང་མ་སོང་གོང་ཀྲུང་གོ་སྲིད་གཞུང་གིས་དབུལ་པོ་དབུལ་རྐྱང་ཡིན་པའི་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་ཐུབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་གལ་ཆེན་ཐོབ་པའི་ཁྱབ་བསྒྲཌ་བྱས་ཡོད། ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་དེ་མི་རེའི་ཆ་སྙོམས་ཡོང་འབབ་མཐོ་རུ་ཕྱིན་པ་ལས་མངོན་པ་མ་ཟད། མི་ཚོར་བདེ་འཇཌ་ལྡན་པའི་འཐུང་ཆུ་དང་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་སོཌ་ཐད་ནས་ཀྱང་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
   ཐུའོ་ཅི་ཁེས་ཀྲུང་གོའི་དབུལ་སྒྲོལ་ལ་རྒྱལ་ཁ་གལ་ཆེན་ཐོབ་པའི་དོན་སྙིང་གལ་ཆེན་ནི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏིང་བའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བའི་ཀྲུང་གོ་མི་དམངས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ་ལས་མཚོན་པ་མ་ཟད་ད་དུང་ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་དཀའ་གནད་ཆེ་ཤོས་ཡིན་པའི་དབུལ་པོ་ཐག་གཅོད་བྱེད་པའི་ནུས་པ་སྟོབས་ཆེན་ཡང་ར་སྤྲོད་བྱས་པ་ལས་མཚོན་པའི་ངོས་འཛིན་བྱས་པ་རེད།
   ཐུའོ་ཅི་ཁེས་རང་ངོས་ལ་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དུས་མཚུངས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་འདོད་ཡོད་ལུགས་མཚོན་པ་དེས་འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་རྒྱལ་ཁབ་གཞན་དང་ཏོག་གསར་གློ་ཚད་དང་དེ་བཞིན་ཉེན་ཆེའི་ནད་ཡམས་གཞན་དག་ལ་འགོག་རྒོལ་བྱེད་པའི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་པ་དང་། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་པ། རྒྱལ་ཁབ་གཞན་དག་ལ་མ་འཇོག་དང་། ལག་རྩལ། ཤེས་ལྡན་པ་བཅས་དང་དེ་བཞིན་ཐོན་ཁུངས་གཞན་དག་མཉམ་སྤྱོད་བྱེད་འདོད་བཅས་ཡོད། “དེ་ལྟར་ཡིན་སྟབས་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་མིའི་རིགས་ཡོངས་ཀྱི་ངོས་ནས་བརྗོད་ན་ཉེན་ཁ་ཞིག་མིན་པར་དེ་ལས་ལྡོག་སྟེ་གོ་སྐབས་ཤིག་རེད”ཅེས་བརྗོད་པ་རེད།
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མེན་སི་ཁེ་ནས་ཟླ་1ཚེས་11ཉིན་འབྱོར་བའི་གློག་འཕྲིན།