འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་13ཉིན།

༄༅།།ན་ནིང་ཟླ་བཅུ་གཉིས་པར་རང་རྒྱལ་གྱི་5Gལག་ ཐོགས་ཁ་པར་འདོན་ཚད་ཁྲི་1820ཟིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་13ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས་2020ལོའི་ཟླ་12པའི་རྒྱལ་ནང་གི་ལག་ཐོགས་ཁ་པར་གྱི་ཁྲོམ་རའི་འཁོར་སྐྱོད་དབྱེ་ཞིབ་ཀྱི་སྙན་ཞུ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་མངོན་དོན། 2020ལོའི་ཟླ་12པར་རྒྱལ་ནང་གི་ལག་ཐོགས་ཁ་པར་ཁྲོམ་རར་འདོན་ཚད་བསྡོམས་ཁྲི་2659.5ཟིན་པ་དེའི་ནང་རྒྱལ་ནང་གི་ཁྲོམ་རར་ཁ་པར་གྱི་བཟོ་ལྟ་གསར་པ་45བཏོན་པ་དེ་དུས་མཚུངས་ལས་28.6%འཕར་བ་དང་། 2020ལོའི་ཟླ་12པར་རྒྱལ་ནང་གི་ཁྲོམ་རར་5Gལག་ཐོགས་ཁ་པར་ཁྲི་1820བཏོན་ཡོད་པ་རེད།