འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་12ཉིན།

༄༅།།མངའ་རིས་ནས་ལྷ་སའི་བར་གྱི་མཁའ་ལམ་ཐོག་ཉིན་རེར་དུས་གཏན་གནམ་གྲུའི་འཕུར་ཐེངས་4
མང་དུ་བཏང་ཡོད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་12ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མངའ་རིས་ནས་ལྷ་སའི་བར་གྱི་མཁའ་ལམ་ཐོག་ཉིན་རེར་དུས་གཏན་གནམ་གྲུའི་འཕུར་ཐེངས་4
མང་དུ་བཏང་ཡོད།
   མི་དམངས་དྲ་བའི་འཕྲིན། 2021ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སླེབས་གྲབས་ཡོད་ཚེ་ཕ་ཡུལ་དུ་ཕྱིར་ལོག་མཁན་མང་དུ་ཕྱིན་ཡོད་ཅིང་། ཚེས་8ཉིན་ནས་བཟུང་ལྷ་ས་ནས་མངའ་རིས་བར་གྱི་མཁའ་ལམ་ཐོག་དུས་གཏན་གནམ་གྲུའི་འཕུར་ཐེངས1མང་དུ་བཏང་ཡོད། མིག་སྔའི་བར་མཁའ་འགྲུལ་ཀུང་སི་མི་འདྲ་བས་ལྷ་ས་ནས་མངའ་རིས་བར་འཕུར་བའི་དུས་གཏན་གནམ་གྲུ་ཉིན་རེར་4མང་དུ་བཏང་ཡོད།
   མངའ་རིས་ཀྱི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི་4500ཡན་ཟིན་ཞིང་། གནའ་ནས་བཟུང་དེར་“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་ཀྱི་ཡོད། མཁའ་ལམ་ཤར་གཏོང་མ་བྱས་གོང་། ལྷ་སར་འགྲོ་ན་ཉིན་གཉིས་ཀྱི་ལམ་ཐག་ཡོད། དེ་ནི་བོད་ཀྱི་ཐག་རིང་ལུང་ཁུག་གི་གྲས་ཤིག་རེད།
   གསར་འགོད་པས་མངའ་རིས་མཁའ་འགྲུལ་ས་ཚུགས་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་མཁའ་འགྲུལ་གྱིས་བསྣན་པའི་དུས་གཏན་གནམ་གྲུའི་ཨང་རྟགས་ནི་TV9944ཡིན་ཞིང་། སྔ་དྲོའི་ཆུ་ཚོད་10:30ཐོག་མངའ་རིས་ནས་འཕུར་རྒྱུ་དང་། ཉིན་གུང་ཆུ་ཚོད་12:20ཐོག་ལྷ་སར་སླེབས་རྒྱུའི་འཆར་གཞི་ཡོད་པ་དང་། འཕུར་བའི་དུས་ཡུན་ནི་2021ལོའི་ཟླ་3ཚེས་27ཉིན་བར་རེད།
   མངའ་རིས་དགུན་ས་གནམ་ཐང་དུ་ད་ལྟ་བེད་སྤྱོད་ཆོག་པའི་གནམ་གྲུ་འཇོག་གནས་3ཡོད། སྔ་དྲོའི་དུས་གཏན་གནམ་གྲུའི་ལན་གྲངས་མང་བ་སྟེ་ཆ་སྙོམས་བྱས་ན་བར་ཐག་སྐར་མ་20ལ་གནམ་གྲུ་གཅིག་འཕུར་རྒྱུར་དམིགས་ནས་མངའ་རིས་དགུན་ས་གནམ་ཐང་གིས་དུས་གཏན་གནམ་གྲུ་མང་དུ་སོང་བ་ལས་བྱུང་བའི་གནོན་ཤུགས་ལ་ཁ་གཏད་ཧུར་ཐག་བྱས་ནས། འཕྲུལ་ཆས་ཐང་གི་འཁོར་སྐྱོད་གཅིག་གྱུར་ཚད་ལྡན་ཡོང་བའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་གནམ་གྲུ་འཇོག་གནས་ཀྱི་ཐོན་ཁུངས་བགོ་བཤའ་བརྒྱབ་པ།འགན་ལེན་གྱི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་བ། དགུན་དུས་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་དང་།འགྲུལ་སྐྱེལ་སྐས་འཁོར། རྡོག་ཁྲེས་དབོར་འདྲེན་རླངས་འཁོར་སོགས་དམིགས་བསལ་འགན་ལེན་རླངས་འཁོར་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། མངའ་རིས་ཀྱི་དམངས་སྤྱོད་མཁའ་འགྲུལ་ཁྲོམ་རར་ཉིན་བཞིན་འཁྲུག་ཏུ་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད། མཁའ་འགྲུལ་ཀུང་སི་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་དུ་རང་འགུལ་ངང་མངའ་རིས་སུ་འཕུར་སྐྱོད་བྱེད་པའི་མཁའ་ལམ་ཐོག་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། དུས་གཏན་གནམ་གྲུའི་འཕུར་ཐེངས་མང་དུ་བཏང་བས།གནམ་གྲུ་ལ་བསྡད་ནས་འགྲོ་མཁན་འགྲུལ་པ་ཡང་མང་དུ་ཕྱིན་ཡོད། ཉིན་རེར་ཆ་སྙོམས་སུ་དུས་གཏན་གནམ་གྲུ་འཕུར་ཐེངས་8ཟིན་ཡོད། འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་500ལྷག་ཙམ་ཟིན་ཞིང་། ལྷ་ས་ཕྱོགས་དང་ཁ་ཧྲེའི་ཕྱོགས་སུ་འགྲོ་འོང་བྱེད་པའི“བགྲོད་ལམ་གཉིས”ཀྱི་རྣམ་པ་རགས་ཙམ་ཆགས་ཤིང་། དེའི་ནང་ལྷ་ས་ཕྱོགས་ཉིན་རེར་དུས་གཏན་གནམ་གྲུ་4འཕུར་བཞིན་ཡོད་པ་དེ་བོད་ལྗོངས་ནང་ཁུལ་གྱི་མཁའ་ལམ་མཐུག་ཤོས་སུ་གྱུར་པ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834979.html)