འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་6ཉིན།

༄༅།།ཡུན་ནན་བདེ་ཆེན་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་06ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་དྲ་བའི་དུད་སྣེའི་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་། ཚེས་1ཉིན་གསར་འགོད་པར་ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལོ་ལྔ་ལྷག་ཙམ་གྱི་དཀའ་སྤྱད་ཨར་སྐྲུན་བྱས་པ་བརྒྱུད་ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
   སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་རྒྱལ་ཁབ་དང་ཡུན་ནན་ཞིང་ཆེན་དབར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དྲ་ལེགས་སུ་འགྲོ་རྒྱུ་མ་ཟད། ས་ཁོངས་འགྲིམ་འགྲུལ་འགྲོ་འོང་གི་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ཐོན་ཁུངས་མཉམ་འགུལ་གསར་སྤེལ་དང་ཡུན་ནན་ནས་ཁྲོན་བོད་དབར་གྱི“སེམས་ཀྱི་ཉི་ཟླ་ཆེན་པོའི”ཡུལ་སྐོར་འཁོར་འབྲེལ་གསར་སྐྲུན་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།