འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་5ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིས་འཛམ་གླིང་ཡོངས་ཀྱིས་ཏོག་གསར་གློ་ཚད་རིམས་
ནད་མེད་པར་བཟོ་བར་གཞོགས་འདེགས་བྱ་རྒྱུའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་05ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པའི་ཀྲུའུ་ཞི་པོ་ཙི་ཁེར་གྱིས་ཉེ་ཆར་ལོ་གསར་གྱི་ཤིས་ཚིག་སྒྲོན་སྐབས་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་ངང་ཏོག་གསར་གློ་ཚད་རིམས་ནད་མེད་པར་བཟོ་རྒྱུའི་འབོད་སྐུལ་བྱས་པ་རེད།
   པོ་ཙི་ཁེར་གྱིས་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས་འདས་པའི་ལོ་གཅིག་ནང་ཁྱིམ་མཚེས་དབར་ཕན་ཚུན་ལྟ་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་མུན་ནག་གི་དུས་སྐབས་ཤིག་བསྐྱལ་བ་རེད། 2021ལོར“ང་ཚོས་སྔར་བས་འོད་ཟེར་ལྡན་པའི་ཉིན་མོ་བསུ་ཐུབ་རྒྱུ་རེད”དེ་ཡང་མི་ཚང་མས་ལོངས་སུ་སྤྱོད་ཆོག་པའི་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པས་ཡིན། དེས་མིའི་རིགས་སྲུང་སྐྱོང་བྱེད་པར་གལ་འགངས་ཆེན་པོ་ཡིན་ཞེས་བཤད་པ་རེད།
   པོ་ཙི་ཁེར་གྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཚེ་གཞི་ནས་འཛམ་གླིང་ཡོངས་ཞི་བདེ་བྱུང་ནས་མི་ཚང་མའི་འགྲོ་བ་མིའི་ཐོབ་ཐང་དང་ལ་རྒྱར་སྲུང་སྐྱོང་ཐུབ་སྟེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་པ་དང་། མི་ཚང་མ་དང་། སྡེ་ཁུལ་ཚང་མ། རྒྱལ་ཁབ་ཚང་མ་བཅས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ་འདྲ་མཉམ་མིན་པ་ཉུང་དུ་གཏོང་བ་དང་ཆེས་ཉམས་ཞན་ཚོགས་སྤྱིར་སྲུང་སྐྱོང་བྱས་ནས་སྔར་བས་དྲང་གཞག་དང་སྔར་བས་བདེ་འཇགས་ཀྱི་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་རེད་ཅེས་བཤད།
   པོ་ཙི་ཁེར་གྱིས་མིའི་རིགས་ལ་འགྲུབ་དཀའ་བའི་དམིགས་ཚད་སྒྲུབ་ཐུབ་པའི་སྟོབས་ཤུགས་ལྡན་ཡོད། 2021ལོར་ལོ་གསར་གྱི་ཆོད་སེམས་གཅིག་རང་ཡོད་པ་དེར་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་ལྡན་ཡོད་པ་དེ་ནི་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མི་ཚང་མར་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་རེད་ཅེས་ནན་བཤད་བྱས་པ་རེད།