འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་31ཉིན།

༄༅།།ཐན་ཏེ་སའེ་ཡིས་བརྗོད་དོན། ཏོག་གསར་གློ་ཚད་རིམས་ནད་འགོག་པར་མཐུན་སྒྲིལ་བྱས་ཚེ་གཞི་ནས་
རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་ཐུབ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་31ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་2020ལོའི་ཟླ་12ཚེས་28ཉིན་ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ཀྱི་སྤྱི་ཚོགས་དྲང་གཞག་མིན་པ་དང་དབུལ་ཕྱུག་གི་ཧེ་བག་ཡོད་པ་སོགས་ཀྱི་གནད་དོན་དམར་འདོན་བྱས་ཡོད། དངོས་འབྲེལ་ཐག་གཅོད་བྱེད་པའི་ཐབས་ལམ་ནི་རྒྱལ་ཁབ་ཁག་དང་མིའི་རིགས་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས། ཕན་ཚུན་བསམ་ཤེས་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།
   ཐན་ཐེ་སའེ་ཡིས་ཉིན་དེའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་2020ལོའི་མཇུག་མཐའི་གསར་འགོད་པའི་ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་གིས་མ་འོངས་པར་བདེ་ཐང་ཐད་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་དགོས་པའི་འབོད་སྐུལ་བྱས་པ་དང“ཚོགས་མིའི་རྒྱལ་ཁབ་ཁག་གིས་དང་ཐོག་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཛུགས་པའི་དམིགས་ཡུལ་ནི་མི་ཡོངས་རྫོགས་ཀྱི་བདེ་ཐང་གི་ཆེད་དུ་ཡིན། ད་ལྟ་དམ་བཅའ་འདི་དོན་གཉེར་བྱེད་པ་དང་དམངས་ཡོངས་བདེ་ཐང་ཡོང་བ་བྱེད་པའི་དུས་ལ་སླེབས་ཡོད”ཅེས་བརྗོད་པ་རེད།