འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་29ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནུས་ཤུགས་ཡོད་རྒུས་དམངས་འཚོ་
འགན་ལེན་དང་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་29ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མ་དངུལ་གཏོང་ཤུགས་མུ་མཐུད་མང་དུ་གཏོང་བ། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་འགན་སྲུང་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་དང་། ལས་ཞུགས། འཕྲོད་བསྟེན་བཅས་ལ་མ་དངུལ་སྒོར་དུང་ཕྱུར་1888བཏང་བར་ལོ་རེར་ཆ་སྙོམས་11.7%འཕར་ཏེ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུར་ནོར་ཤུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ཆེན་ནོར་སྲིད་ཐིང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྱོན་ཡོངས་ཀྱིས་རྒྱུན་མཐུད་ངང་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བས་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས་སོགས་འགན་བཅོལ་གྱི་ཁྱབ་རྒྱ་རིམ་བཞིན་ཆེ་རུ་ཕྱིན་ཡོད། རྒན་རྒོན་གྱི་ཁ་གསབ་དང་། དབང་པོ་སྐྱོན་ཅན་དང་བྱིས་པའི་དྲག་སྐྱེད་རོགས་སྐྱོབ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་འགན་ལེན་གྱི་ཁྱབ་ཁོངས་བཅས་སྔར་བས་རྒྱ་ཆེར་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་ལོན་ཚད་93%དང་82%ཟིན་པ། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་མཐོ་སློབ་མཐོ་སློབ་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ངལ་ནུས་དབུལ་པོ་སོགས་གཙོ་གནད་ཚོགས་སྤྱིར་ཁྱབ་པ། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་དང་གྲོང་གསེབ་དང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་ཚབ་གསོའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། ཡུལ་གཞན་དུ་སྨན་པ་བསྟེན་པ་དང་། སྨན་ཁང་དུ་སྡོད་པ། སྨན་བཅོས་བྱེད་པ་བཅས་ཀྱི་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་པ་བྱུང་བ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་གྲོང་མི་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཡོད།
   དེ་དང་ཆབས་ཅིག ཞིང་ཆེན་ནོར་སྲིད་ཐིང་གིས་སྤྱི་ཚོགས་འགན་སྲུང་ཐོབ་ཐང་གི་སྒུལ་རྣམ་ལེགས་སྒྲིག་ལམ་སྲོལ་དོན་འཁྱོལ་བྱས་ནས་ཁེ་ལས་དང་ལས་ཁུངས་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་དང་། ལས་ཤོར་འགན་བཅོལ་དངུལ། དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་དང་། གཟིགས་སྐྱོང་བྱ་ཡུལ་གྱི་གོད་གསབ་དང་འཚོ་བའི་ཁ་གསབ། དམག་དཔུང་ནས་ལས་སྒྱུར་བྱས་པའི་དཀའ་ངལ་ཡོད་པའི་ལས་བྱེད་པའི་དཀའ་སེལ་ཁ་གསབ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་འགན་སྲུང་ཚད་གཞི་བསྟུད་མར་ལེགས་སྒྲིག་དང་མཐོ་རུ་བཏང་ཡོད། གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ནད་ཆེན་འགན་བཅོལ་ཚད་གཞི་སྔར་བས་དམའ་རུ་བཏང་བ་དང་མི་འབོར་དབུལ་པོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་སྨན་རིན་དོན་དངོས་ཐོག་རྩིས་ཞུ་བྱེད་པའི་བསྡུར་ཚད་དེ་90%ཟིན་ཡོད།