འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་28ཉིན།

༄༅།།ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་28ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་གྱི་ཆུ་ཚོད་0--ཆུ་ཚོད་24བར། ཞིང་ཆེན་31(རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྙན་སེང་ཞུས་པ་སྟེ། གཏན་འཁེལ་བྱས་པའི་ནད་དཔེ་21བྱུང་ཡོད། དེའི་ཁྲོད་དུ་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་15(ནང་སོག་དུ་ནད་དཔེ་6དང་།ཀྲེང་ཅང་དུ་ནད་དཔེ3ཧྲང་ཧའེ་རུ་ནད་དཔེ་2པེ་ཅིང་དུ་ནད་དཔེ་1ཐེན་ཅིན་དུ་ནད་དཔེ་1ཀོང་ཏུང་དུ་ནད་དཔེ་1སི་ཁྲོན་དུ་ནད་དཔེ་1)ཡོད་པ་དང་། ས་གནས་རང་གི་ནད་དཔེ་6(ཚང་མ་ལའེ་ཉིང་དུ་ཡོད)ཚེ་འདས་ནད་དཔེ་གསར་པ་བྱུང་མེད། དོགས་ཡོད་ནད་དཔེ་1བྱུང་བ་དེ་ནི་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ(ཧྲེང་ཧའེ་རུ་ཡོད)རེད།
   ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་16བྱུང་ཡོད། གསོ་རིག་ལྟ་ཞིབ་མེད་པ་བཟོས་པའི་འབྲེལ་བ་དམ་ཟབ་བྱེད་མཁན་728ཡོད་ཅིང་། ནད་གཞི་ལྕི་བའི་ནད་དཔེ་ནི་ཉིན་སྔ་མ་ལས་ནད་དཔེ་1མང་དུ་ཕྱིན་ཡོད།
   ད་ལྟ་གཏན་འཁེལ་བྱས་པའི་ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་270(དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་དཔེ་3)ཡོད་པ་དང་། ད་ལྟ་དོགས་ཡོད་ནད་དཔེ་1ཡོད། རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ་4218ཡོད་པ་དང་། རིམ་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་3948ཡོད། ཚེ་འདས་ནད་དཔེ་མེད། 
   ཟླ་12ཚེས་27ཉིན་གྱི་ཆུ་ཚོད་24བར།ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྙན་སེང་ཞུས་པ་སྟེ། ད་ལྟར་གཏན་འཁེལ་བྱས་པའི་ནད་དཔེ་339ཡོད་ཅིང་། (དེའི་ཁྲོད་དུ་ནད་གཞི་ལྕི་བའི་ནད་དཔེ་5ཡོད) རིམ་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་82003ཡོད། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་4634ཡོད། རིམ་རྩིས་ཀྱིས་སྙན་སེང་ཞུས་པའི་གཏན་འཁེལ་བྱས་པའི་ནད་དཔེ་86976ཡོད།ད་ལྟ་དོགས་ཡོད་ནད་དཔེ་1ཡོད། རིམ་རྩིས་བྱས་ན་འབྲེལ་བ་དམ་པོ་བྱེད་མཁན་མི་901517 རྗེས་སྙེག་ཐུབ་ཡོད། ད་ལྟར་འབྲེལ་བ་དམ་པོ་བྱེད་མཁན་མི་11791ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།
   ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྙན་སེང་ཞུས་པ་སྟེ། ནད་རྟགས་མེད་པའི་ནད་འགོས་མཁན་གྱི་ནད་དཔེ་20སྟེ(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་16 )ཉིན་དེར་གཏན་འཁེལ་བྱས་པའི་ནད་དཔེར་གྱུར་པའི་ནད་དཔེ4(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་3)བྱུང་ཡོད། ཉིན་དེར་ནད་རྟགས་མེད་པའི་ནད་འགོས་མཁན་ལས་གསོ་རིག་ལྟ་ཞིབ་བྱེད་མི་དགོས་པའི་གྲས་སུ་ཚུད་མཁན་མེད་པ་རེད།ད་ལྟ་གནད་རྟགས་མེད་པའི་ནད་འགོས་མཁན་གྱི་ནད་དཔེ་267(ཕྱི་རྒྱལ་ནས་ཡོང་བའི་ནད་དཔེ་219)ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།