འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་28ཉིན།

༄༅༎ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་སྐུལ་འདེད་ཚོགས་པས་སྐབས་བཞི་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་28ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཚོགས་འདུའི་ཡུལ་དངོས་ཡིན།
འདི་ནི་ཚོགས་འདུའི་ཡུལ་དངོས་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་12ཚེས་25ཉིན། ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་སྐུལ་འདེད་ཚོགས་པས་སྐབས་བཞི་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་སྒྲོན་དང་སྐུལ་འདེད་ཚོགས་པའི་སྒྲིག་ཡིག་གི་བཟོ་བཅོས་སྙན་སྒྲོན། 《ཚོགས་དངུལ་དོ་དམ་བྱ་ཐབས》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་འགན་འཁུར་བའི་མིང་ཐོ་དང་རྒྱུན་ལས་ལས་འཛིན་དང་ལས་འཛིན་གྱི་འོས་མི་བདམས་ཐོན་བྱུང་བ་རེད། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་རིག་གནས་དྲིལ་བསྒྲགས་སིའི་དེ་སྔའི་སི་ཀྲང་ཝུའུ་ཚུའེ་དབྱིང་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་སྐུལ་འདེད་ཚོགས་པའི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་རེད།
     ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་སྐུལ་འདེད་ཚོགས་པ་ནི་དམངས་སྲིད་པུའུ་ཡིས་ཆོག་མཆན་བཀོད་ནས་བཙུགས་པའི་རྒྱལ་ཡོངས་རང་བཞིན་གྱི་མི་རིགས་རིག་གནས་སྤྱི་ཚོགས་ཚོགས་པ་ཞིག་ཡིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་མི་དོན་སི་དང་། རིག་གནས་དྲིལ་བསྒྲགས་སི། ལས་ཁུངས་ཏང་ཨུད་བཅས་ཀྱི་མཛུབ་སྟོན་འོག་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མི་རིགས་ལས་དོན་སྡེ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག སྐུལ་འདེད་ཚོགས་པས་ སྤྱི་ཚོགས་ཚོགས་པའི་ལས་དོན་དེ་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པ་བྱ་དགོས་པའི་སྐོར་གྱི་དམངས་སྲིད་པུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ལས་ཀའི་བསམ་ཕྱོགས་ལེགས་སྒྲིག་ཧུར་ཐག་བྱས་པ་དང་། མཉམ་ལས་སྤེལ་རེས་རྒྱ་ཁྱབ་ཏུ་བྱས་པ། ནང་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
     ཚོགས་འདུའི་ཐོག་སྐུལ་འདེད་ཚོགས་པའི་སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་སྐབས་བརྗེས་ཚུན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཏང་ཙུའུ་ཡི་འགོ་ཁྲིད་འོག་མི་རིགས་ལས་དོན་གྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་རྒྱ་ཆེའི་འབྲེལ་གཏུག་དང་སྐུལ་སློང་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། གསར་གཏོད། ནང་ཁུལ་འཛུགས་སྐྲུན་དང་དོ་དམ་ལ་སོགས་པའི་ཐད་ལས་དོན་རབ་དང་རིམ་པ་ཧུར་ཐག་དང་ཕན་ནུས་ལྡན་པར་སྤེལ་བར་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་རེད། སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་སྐུལ་འདེད་ཚོགས་པའི་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་ཧྭའི་མི་རིགས་ཁག་གི་མི་རིགས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།
     མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནན་པོ་སྒྲུབ་པའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་སྐུལ་འདེད་ཚོགས་པའི་སྐབས་བཞི་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་དེ་དྲ་འོག་ནས་སྐོང་ཚོགས་བྱ་རྒྱུ་དེ་དྲ་ཐོག་ནས་སྐོང་ཚོགས་བྱ་རྒྱུར་བསྒྱུར་ཡོད་ཅིང་། དྲ་རྒྱའི་བརྙན་ལམ་ཚོགས་འདུའི་ཚོགས་ར་གཙོ་བོ་པེ་ཅིང་དུ་བཙུགས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཁག་གི་ཚོགས་མིའི་འཐུས་མི་165དྲ་རྒྱའི་བརྙན་ལམ་ཚོགས་འདུར་ཞུགས་ཡོད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833892.html)