མི་དམངས་དྲ་བ།

༄༅༎《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》མི་རིགས་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་25ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། 《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》དེབ་དང་པོ་ནས་གསུམ་པ་བར་གྱི་སོག་ཡིག་དང་། བོད་ཡིག ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་རིགས་ཀྱི་ཡི་གེ ཁྲའོ་ཞན་རིགས་ཀྱི་ཡི་གེ དབྱི་རིགས་ཀྱི་ཡི་གེ ཀྲོང་རིགས་ཀྱི་ཡི་གེ་སོགས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་དཔར་མ་བདུན་ཚང་མའི་ཡིག་སྒྱུར་ལས་དོན་ལེགས་གྲུབ་ཟིན་ནས་ཉེ་ཆར་རྒྱལ་ཡོངས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ལྷན་གྱིས་རྩོམ་སྒྲིག་བྱས་པའི《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》དེབ་དང་པོ་ནས་གསུམ་པའི་བར་དེ་2016ལོའི་ཟླ་9པར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མཐུན་སྦྱོར་འོག་ཀྲུང་གོ་མི་རིགས་སྐད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡིག་སྒྱུར་དཔུང་ཁག་སྒྲིག་འཛུགས་བྱས་ནས། ལོ་བཞིའི་དུས་ཚོད་སྤྱད་པ་བརྒྱུད། 2020ལོའི་ཟླ་12པར་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་དཔར་མ་བདུན་གྱི《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》ཡིག་སྒྱུར་ལས་དོན་ལེགས་སྒྲུབ་བྱས་པ་རེད། 《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》གྲངས་ཉུང་མི་རིགས་ཀྱི་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུའི་ངོས་ནས་བརྗོད་ན། སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད།
     《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སོག་ཡིག་དང་། བོད་ཡིག ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་རིགས་ཀྱི་ཡི་གེ ཁྲའོ་ཞན་རིགས་ཀྱི་ཡི་གེ་བཅས་ཀྱི་དཔར་མ་དེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། 《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》དབྱི་རིགས་ཀྱི་ཡི་གེ་དང་ཀྲོང་རིགས་ཀྱི་ཡི་གེའི་དཔར་མ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཀོང་ཤིས་མི་རིགས་དཔེ་སྐྲུན་ཁང་གིས་ཁག་སོ་སོར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

  
style="display:none;"