འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་25ཉིན།

༄༅༎ཡུལ་སྐོར་ལས་རིགས་མངོན་གསལ་དོད་པོས་སླར་གསོ་བྱུང་བ། བོད་ལྗོངས་ཀྱིས་2021ལོ་འཁོར་གྱི“དགུན་དུས་བོད་ལྗོངས་སུ་
ཡུལ་སྐོར་བྱེད”ཅེས་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་24ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
པར་རིས་ནི་ཚོགས་རའི་ཡུལ་དངོས་ཡིན།
པར་རིས་ནི་ཚོགས་རའི་ཡུལ་དངོས་ཡིན།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ་12ཚེས་23ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པའི“2020ལོའི་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་བསྐྱར་དར་གྱི་གྲུབ་འབྲས་ཁྱབ་བསྒྲགས་དང་སླར་གསོའི་ཉམས་མྱོང་མཉམ་སྤྱོད་སྤེལ་རེས་ཀྱི་ཚོགས་ཆེན”ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོའི་ཟླ་11པར། བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3498.8ལ་སྣེ་ལེན་ཞུས་ལ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་358.27བྱུང་ཡོད་པ་རེད། 2021ལོ་འཁོར་གྱི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱས་ནས་གླིང་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་ཁྲོམ་ར་སྐུལ་འདེད་བྱ་དགའ(ཁ་གསབ)ཡི་གཟིགས་སྐྱོང་སྲིད་ཇུས་དེ་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་འབྲེལ་ཉེ་ཆར་དངོས་སུ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད། ལོ་སྔོན་མ་དང་བསྡུར་ན་2021ལོ་འཁོར་གྱི“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད”ཅེས་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རིན་ཐང་དེ་བས་མཐོ་བ་རེད།
     2020ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཡུལ་སྐོར་ཐོན་ལས་ལ་རྡུང་རྡེག་ཆེན་པོ་བཏང་ལ། བོད་ལྗོངས་ཀྱི་ཡུལ་སྐོར་ཁེ་ལས་ཀྱིས་མགྱོགས་མྱུར་ངང་ཁ་གཏད་བཅལ་ཞིང་ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་ནས། རིམས་ནད་ཐོན་རིང་གི་དུས་ཚོད་བར་སྟོང་བེད་སྤྱད་དེ“ནང་གི་སྟོབས་ཤུགས”རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད། ཁེ་ལས་རང་ངོས་ནས་འགོ་བཙུགས་ཏེ་རང་སྐྱོབ་བྱེད་པ་དང་། གཉེར་སྐྱོང་གི་རྣམ་པ་ཧུར་ཐག་ངང་གསར་གཏོད་དང་སྙོམས་སྒྲིག་བྱས་ནས་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་དང་བོད་ལྗོངས་ཀྱི་ཡུལ་སྐོར་སྤུས་རྟགས་ཀྱི་སྣང་བརྙན་རྒྱུན་ཆད་མེད་པར་རིམ་སྤར་དང་འཐུས་ཚང་དུ་བཏང་བ་རེད།
     གཞི་གྲངས་སྙན་ཞུ་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཐུབ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ད་ལོའི་ལོ་སྨད་དུ་བོད་ལྗོངས་ཀྱི་ཡུལ་སྐོར་སླར་གསོ་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་སོང་ལ། ལྷག་པར་དུ་ཟླ་དགུ་པ(15.44%)དང་ཟླ་བཅུ་པ(20.34%)ལ་ན་ནིང་གི་དུས་མཚུངས་ལས་འཕར་ཡོད་པ་རེད། མིག་སྔའི་བར་ཕྱོགས་བསྡུས་གཞི་གྲངས་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱི་ཡུལ་སྐོར་སླར་གསོ་བྱེད་ཚད་དེ་རྒྱལ་ཡོངས་ཀྱི་ཨང་སྔོན་མ་གཉིས་སུ་གནས་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་ཧྲིལ་པོའི་གནས་ཚུལ་མདོར་བསྡུས་ནས་བལྟས་ན། 2020ལོའི་བོད་ལྗོངས་ཀྱི་རྒྱལ་ནང་ཡུལ་སྐོར་ཁྲོམ་རའི་གཞི་ཁྱོན་འཕེལ་ཚུལ་ཅུང་ཡག་པོ་ཡོད་ལ། དེ་དུས་མཚུངས་ལས་98%ཙམ་སླར་གསོ་བྱུང་ཡོད།
     ཚོགས་ཆེན་གྱིས“བསྐྱར་དར་རིམ་སྤོར་དང་གསར་སྤེལ་གསར་གཏོད”ཅེས་པ་བརྗོད་བྱ་གཙོ་བོར་བྱས་ནས། ལས་རིགས་ཁག་གི་སྐུ་མགྲོན་གྱི་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། བོད་ལྗོངས་རང་སའི་ཡུལ་སྐོར་ལས་རིགས་ཀྱི་འཐུས་མིས་སླར་གསོའི་དཔེ་མཚོན་མཉམ་སྤྱོད་བྱེད་པ། བོད་ལྗོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་བཅས་གསུམ་ཀ་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་ཁྱོན་ཡོངས་དང་ཕྱོགས་མང་པོའི་ཐོག་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སླར་གསོ་བྱུང་བའི་གྲུབ་འབྲས་ལ་སྡེབ་སྒྲིག་ངང་ཁྱབ་བསྒྲགས་བྱས་པ་རེད། སྲིད་གཞུང་དང་། ཁེ་ལས། རིག་གཞུང་ལས་རིགས་བཅས་ཀྱིས་ཀྱང་ལྟ་སྟངས་མི་འདྲ་བའི་ཐོག་ནས་ལོ་གཅིག་རིང་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སླར་གསོ་བྱུང་བའི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
     བོད་ལྗོངས་ཀྱི་ཡུལ་སྐོར་བསྐྱར་དར་གྱི་རྣམ་པ་གསར་པ་གཏོད་ཆེད། ད་ཐེངས་ཀྱི་ཚོགས་ཆེན་གྱིས“2021ལོར་བོད་ལྗོངས་ཀྱི་ཡུལ་སྐོར་སླར་ཡང་རྡོག་ཐོན་བྱེད་པ་སྟེ་གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། བོད་ལྗོངས་ཀྱི་ཡུལ་སྐོར་སླར་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དུ་བཙུགས་པ་དང་། ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། ལས་ཞུགས་མི་སྣ་གདན་དྲངས་ཏེ་རང་རང་སོ་སོའི་ལྟ་ཚུལ་ཐོག་ནས་བོད་ལྗོངས་ཀྱི་ཡུལ་སྐོར་སླར་གསོ་ཡོང་བའི་གྲོས་འགོ་དང་མྱོང་ཚོར་གླེང་བ་མ་ཟད། གྲོང་གསེབ་དར་རྒྱས་དང་། རྒྱལ་ལམ་G219ཡི་ཡུལ་སྐོར། ཤེས་ལྡན་མི་སྣ་གསོ་སྐྱོང་དང་དེ་བཞིན་བློ་གྲོས་ཡུལ་སྐོར་ལ་ནུས་པ་སྤྲོད་པ་སོགས་ལ་དམིགས་ཏེ་འབྱུང་འགྱུར་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཕྱོགས་དང་གསར་གཏོད་བསམ་གཞིག་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833617.html)
འདི་ནི་བོད་ལྗོངས་ཀྱི་དགུན་ལྗོངས་ཡིན་པ།
འདི་ནི་བོད་ལྗོངས་ཀྱི་དགུན་ལྗོངས་ཡིན་པ།