འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་25ཉིན།

༄༅༎དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ།

ལུའོ་ཆང་གིས་འགོ་ཚུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཁྲེང་མིང་གིས་དར་ཆ་སྤྲད་པ། ཏའེ་ཡུན་ཁང་གིས་སྒོ་བྱང་སྤྲད་པ། ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་བརྗོད་པ་རེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་24ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་ཡིན་པ།
འདི་ནི་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་23ཉིན“བློ་བདེ་བག་ཕེབས་འཚོལ་ས་སི་ཁྲོན། དགུན་དུས་ཡུལ་སྐོར་འགྲོ་ས་དཀར་མཛེས”ཞེས་པའི་བརྗོད་བྱ་གཙོ་བོ་བྱེད་པའི་སི་ཁྲོན་ཞིང་ཆེན་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ་དང“གངས་དཀར་ཆེན་པོའི”རིག་གནས་ཡུལ་སྐོར་འཕེལ་རྒྱས་མནའ་འབྲེལ་ཚུགས་པའི་མཛད་སྒོ་འབོ་ཞབས་གྲོང་རྡལ་དུ་གཉེར་བ་རེད།
     སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ལུའོ་ཆང་དང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེང་མིང་། སི་ཁྲོན་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཐིང་ཀྲང་ཏའེ་ཡུན་ཁང་། དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
     མཛད་སྒོའི་ཐོག་ལུའོ་ཆང་གིས“སི་ཁྲོན་ཞིང་ཆེན་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པའི”ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཁྲེང་མིང་གིས་སྒེར་འཁོར་གཏོང་མཁན་གྱི་སྒྲིག་གཞི་གྲགས་ཅན་ཧྲང་ཧའེ་ཨའེ་ཅ་གསར་འཛུགས་བྱེད་མཁན་ལི་ཁེ་ཆིར“ཚེ་འདིར་རླངས་འཁོར་318ཐོག་ཏུ་གཏོང་ངེས་ཡིན”ཞེས་པའི་འགོ་ཚུགས་དར་ཆ་སྤྲད་པ། ཏའེ་ཡུན་ཁང་གིས“གངས་དཀར་ཆེན་པོའི”རིག་གནས་ཡུལ་སྐོར་འཕེལ་རྒྱས་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་དང་པོ་བྱེད་པའི་ཚན་པ་དར་མདོ་གྲོང་ཁྱེར་ལ་སྒོ་བྱང་སྤྲད་པ། དཀར་མཛེས་ཁུལ་དང་ཞེ་ཁྲེང་ཚོགས་པའི་བར་སྲིད་གཞུང་དང་ཁེ་ལས་འཐབ་ཇུས་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
     ཞའོ་ཡིའུ་ཚའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གནང་ཡོད་ཅིང་། ཁོང་གིས་དགུན་དཔྱིད་དུས་ཀྱི་དཀར་མཛེས་གང་སར་མཛེས་ལྗོངས་ཀྱིས་ཁེངས་ཡོད། ད་ལོ་ངེད་ཁུལ་གྱིས་རྒྱལ་ཡོངས་སུ་ས་ཁོངས་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་དགུན་དཔྱིད་ཡུལ་སྐོར་གྱི་སྒོ་འཛིན་ཚང་མ་རྩ་ཆག་གཏོང་བ་དང་། ཁྱོན་ཡོངས་ནས་སྣ་མང་ཅན་དང་རང་གཤིས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པས། ཚང་མས་གངས་འཁྱགས་ཀྱི་མཛེས་ལྗོངས་ཁྲོད་དུ་ཕེབས་ནས་གངས་འཁྱགས་ཀྱི་སྟོན་མོ་མཉམ་སྤྱོད་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
     ད་ཐེངས་ཀྱི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་དེ་ད་ལོའི་ཟླ་12པའི་ཚེས་23ཉིན་ནས་2021ལོའི་ཟླ་3པའི་ཟླ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་རེད། ཚོགས་འདུའི་རིང་། སི་ཁྲོན་ཞིང་ཆེན་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ་དང“གངས་དཀར་ཆེན་པོའི”རིག་གནས་ཡུལ་སྐོར་འཕེལ་རྒྱས་མནའ་འབྲེལ་འཛུགས་པའི་མཛད་སྒོ་སྤེལ་བ་ཕུད། དེ་མིན་དཀར་མཛེས་ཁུལ་གྱི་རྩེ་གྲས་ཡུལ་མིའི་གནས་ཚང་དང་སྤུས་ལེགས་གསོལ་མགྲོན་ཁང་གི་ཚོང་འགུག་འོས་སྦྱོར་གྲོས་ཚོགས་དང་། དུང་དཀར་ལུང་བའི་ཆུ་ཚན་ཁམས་གསོ་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མཐའ་སྐོར་གྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་མཉམ་སྒུལ་མཉམ་ལས་ཀྱི་འགོ་ཚུགས་མཛད་སྒོ། དུང་དཀར་ལུང་བའི་གངས་འཁྱགས་ཕོ་ཉ་འདེམས་སྒྲུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར། དཀར་མཛེས་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་དང་དུང་དཀར་ལུང་བའི་རིག་གནས་གསར་གཏོད་ཇུས་འགོད་འགྲེམས་སྟོན་སོགས་ཀྱི་མུ་འབྲེལ་བྱེད་སྒོ་ཡོད་པ་རེད།
     སི་ཁྲོན་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཁེ་ལས་ཀྱི་འཐུས་མི། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833616.html)