འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་24ཉིན།

༄༅༎སི་ཁྲོན་རྔ་བ་རྫོང་སྤྲོ་ཚིགས་གྲོང་རྡལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་24ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྔ་བ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྔ་བ་རྫོང་སྤྲོ་ཚིགས་གྲོང་རྡལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ“སྔོན་འགོག་གཙོ་བོར་འཛིན་པ་དང་མེ་སྐྱོན་ཧུར་ཐག་སེལ་བའི”ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ཀྱི་ལས་ཀའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་དབང་གིས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པ་བྱེད་གང་ཐུབ་བྱས་པ་རེད།