འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་24ཉིན།

༄༅༎སྟོབས་ཤུགས་གསར་རྙིང་གཅིག་རྗེས་གཉིས་མཐུད་ཀྱིས་ཐུན་མོང་ཐོག་སྟོང་ལོའི་ཕོ་བྲང་པོ་ཏ་ལ་སྲུང་སྐྱོང་བྱེད་བཞིན་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་23ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རི་ལ་བརྟེན་ནས་བསྐྲུན་པའི་ཕོ་བྲང་པོ་ཏ་ལ་ཡིན།
འདི་ནི་རི་ལ་བརྟེན་ནས་བསྐྲུན་པའི་ཕོ་བྲང་པོ་ཏ་ལ་ཡིན།
     མི་དམངས་དྲ་བའི་འཕྲིན། འཛམ་གླིང་གི་ཡང་རྩེ་སྒོ་ཐེམ་བྱེད། སྟོང་ལོའི་གངས་འཁྱགས་སྒོ་ཀླད་ཡིན། “སའི་གོ་ལའི་སྣེ་གསུམ་པར”གནས་པའི་ཕོ་བྲང་པོ་ཏ་ལ་བརྗིད་ཆགས་ངང་ཀྲོང་ངེར་འགྱིང་བས་ལམ་ཐག་ལེ་དབར་སྟོང་གིས་ཆོད་པར་མི་འཛེམ་པའི་མི་མང་པོ་དེའི་ཉམས་འགྱུར་ལ་ལྟ་བར་འགུག་གི་ཡོད།
     ཉེ་ཆར། 《རྒྱལ་ཁབ་ཀྱི་ནོར་བུ》ཞེས་པའི་ལེའུ་གསུམ་པ་ཕོ་བྲང་པོ་ཏ་ལར་བསྐྱོད་པ་ཞེས་པའི་ལེ་ཚན་སྟོན་པ་དང་བསྟུན་ནས། ཆོས་རྒྱལ་བྲག་ཕུག་གི་རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་དང་། ཕོ་བྲང་པོ་ཏ་ལའི་པར་གཞིའི《རྒྱུད་བཞི། 》 《ཆིང་རྒྱལ་རབས་སྐབས་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོ་ཉམས་གསོའི་རི་མོ》བཅས་རིག་དངོས་གསུམ་གྱི་ལོ་རྒྱུས་དང་ད་ལྟའི་གཏམ་རྒྱུད་བརྗོད་པས། རྒྱ་ཆེའི་ལྟད་མོ་བ་ཚོས་ལོ་ངོ་1300ཡི་ལོ་རྒྱུས་ལྡན་པའི་ཕོ་བྲང་རྣམ་པའི་གནའ་བོའི་རྩིག་བཟོས་ཀྱི་ཚོགས་དེར་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་བ་བྱས་ཡོད་ལ། ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱས་ནས་དེའི་བཞིན་རས་མི་འགྱུར་བ་བྱེད་མཁན་ཚོར་ཡང་དེ་བས་ཤེས་རྟོགས་བྱུང་བ་བྱས་ཡོད།
     ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་ཐོག་མར་བསྐྲུན་པ་རེད། 1645ལོར། ཕོ་བྲང་པོ་ཏ་ལ་བསྐྱར་སྐྲུན་བྱས་ནས་རིམ་བཞིན་ད་ཆའི་གཞི་ཁྱོན་དུ་གྱུར་ཡོད།
     ཀྲུང་གོ་གསར་པ་དབུས་བརྙེས་ཚུན་ཕོ་བྲང་པོ་ཏ་ལར་གཞི་ཁྱོན་ཆེ་བའི་ཉམས་གསོ་ཐེངས་གཉིས་བྱས་ཡོད་དེ། 1989ལོ་དང་2002ལོར་ཡིན་པ་རེད། གཞི་ཁྱོན་ཆེ་བའི་ཉམས་གསོ་ཐེངས་གཉིས་ཀར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་དེ་སྔའི་ཁྲུའུ་ཀྲང་བྱམས་པ་སྐལ་བཟང་ནི་དངོས་སུ་བརྒྱུད་མྱོང་མཁན་རེད།
     1991ལོར་བྱམས་པ་སྐལ་བཟང་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ལ་བསྐོས་པ་རེད། སྐབས་དེར་ཁོང་གིས་ཕོ་བྲང་འདི་སྲུང་སྐྱོབ་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད།
     ཕོ་བྲང་པོ་ཏ་ལར་ཁྱོན་ཐོག་བརྩེགས་13ཡོད་ཅིང་། ཐོག་བརྩེགས་9པ་ནས་ཐོག་བརྩེགས་13པའི་བར་ནི་གཙོ་བོ་ལྟ་སྐོར་བྱེད་ས་ཡིན་པ་དང་། ཐོག་བརྩེགས་1པོ་ནས་ཐོ་བརྩེགས་8པའི་བར་ནི་རྩིག་རྨང་ཡིན་པ་རེད། ཕོ་བྲང་པོ་ཏ་ལར་ཁྱོན་ཁང་པ་ག་ཚོད་ཡོད་པ་རྩིས་བཤེར་བྱེད་དུས་བྱམས་པ་སྐལ་བཟང་དང་ལས་རོགས་ཚོས་རྩིག་རྨང་རྙེད་པ་རེད།
     བྱམས་པ་སྐལ་བཟང་གིས“སྐབས་དེ་དུས་སེམས་ཧ་ཅང་སྐྱོ་པོ་བྱུང་།” རྒྱུ་མཚན་ནི་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་ཆ་ཤས་དེ་འདྲ་མཛེས་པོ་ཡོད་མོད། འོག་གི་ཁྲོན་པ་ལྟ་བུའི་རྩིག་རྨང་རེ་རེར་ཡུན་རིང་ཉམས་གསོ་མ་ཐེབས་པས་རེད། དེ་དག་ནི་ཕོ་བྲང་པོ་ཏ་ལའི་རྨང་གཞི་ཡིན་པས་ངེས་པར་དུ་ཐབས་ཤེས་བཏོན་ནས་ཉམས་གསོ་ཡག་པོ་བྱེད་དགོས་ཞེས་བརྗོད།
     2002ལོའི་ཟླ་6པར་ཕོ་བྲང་པོ་ཏ་ལར་སླར་ཡང་གཞི་ཁྱོན་ཆེ་བའི་ཉམས་གསོ་ཐེངས་གཉིས་པ་བྱས་པ་རེད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2ལས་བརྒལ་བ་བཏང་བ་དང་དུས་ཡུན་ལོ་7སྤྱད་ནས། རྩིག་རྨང་བརྟན་གཏོང་ཉམས་གསོ་དང་ལྡེབས་རིས་སྲུང་སྐྱོང་ཉམས་གསོ་སོགས་གཙོ་བོའི་བཟོ་སྐྲུན་དང་འབྲེལ་བ་ཡོད་པའི་རྣམ་གྲངས་29དང་ཞོར་གཏོགས་བཟོ་སྐྲུན་དང་འབྲེལ་བ་ཡོད་པའི་ཉམས་གསོའི་རྣམ་གྲངས་35སྤེལ་བ་རེད། 
     བྱམས་པ་སྐལ་བཟང་གིས་ཕོ་བྲང་པོ་ཏ་ལར་ལས་ཀ་བྱེད་རིང་ས་ཡོམ་དང་འབྲུག་སྒྲ་གྲགས་པ། ཆར་བ་འབབ་པ་བཅས་དང་འཕྲད་དུས་ཚང་མས་རྟག་ཏུ་མཉམ་དུ་བཀའ་སྒུག་ནས་སྡོད་ཀྱི་ཡོད་ལ། ས་གནས་གང་དག་ལ་གནད་དོན་བྱུང་དུས་ཐག་གཅོད་བྱེད་ཀྱི་ཡོད། “འདི་ནི་འགན་འཁྲིའི་བསམ་པ་ཡིན་པས་ཧ་རི་ཧུ་རི་སྤུ་ཙམ་ཡང་བྱེད་མི་རུང་། གཞོན་ནུ་ཚོས་ཕོ་བྲང་པོ་ཏ་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།
     2007ལོར་ཕོ་བྲང་པོ་ཏ་ལའི་གྲུབ་ཆ་དང་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་ནཱ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཕོ་བྲང་པོ་ཏ་ལའི་གྲུབ་ཆ་ལྟ་ཞིབ་ཚད་ལེན་གྱི་འབྲེལ་ཡོད་ལས་དོན་སྤེལ་བ་རེད། དུས་ཐེངས་དང་པོའི་གྲུབ་ཆ་ལྟ་ཞིབ་ཚད་ལེན་མ་ལག་དངོས་སུ་འཁོར་སྐྱོད་བྱས་ནས་ལོ་8སོང་རིང་ཁྱོན་གྲངས་གཞི་ཁྲི་2500དབྱེ་ཞིབ་བྱས་པ་དང་། དུས་ཐེངས་གཉིས་པའི་གྲུབ་ཆ་ལྟ་ཞིབ་ཚད་ལེན་མ་ལག་2020ལོའི་ཟླ་8པར་ལག་བསྟར་བྱེད་འགོ་ཚུགས་པ་རེད། ཁོ་མོའི་སྐད་ཆའི་ཐོག་ནས་བརྗོད་ན་དེ་ནི་དུས་ཐོག་ཏུ་ཕོ་བྲང་པོ་ཏ་ལར“སྙིང་པར”དང“CT”བརྒྱབ་པ་ཞིག་རེད།
     དྲོད་ཚད་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ཀྱིས་དུས་ཐོག་ཏུ་ཕོ་བྲང་པོ་ཏ་ལའི་ཁོར་ཡུག་གི་དྲོད་ཚད་ལེན་པ་དང་། གནས་སྤོ་རྩིས་ཆས་ཀྱིས་དུས་ཐོག་ཏུ་གས་སྲུབས་ཀྱི་ཞེང་ཚད་ཀྱི་འགྱུར་ལྡོག་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ། གསེག་པའི་དཔྱད་ཆས་ཀྱིས་གྱང་ངོས་དང་ཀ་བའི་གསེག་ཟུར་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ། འགྱུར་བའི་རྩིས་ཆས་ཀྱིས་ཀ་བའི་དབྱིབས་འགྱུར་ལ་ལྟ་ཞིབ་ཚད་ལེན་དང་། མི་ཚོགས་ཐེག་ཚད་ཀྱིས་ཤིང་གི་གྲུབ་ཚུལ་ལ་ཐེབས་པའི་ཤུགས་རྐྱེན་ཚོར་ཐུབ……ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་720ཕོ་བྲང་པོ་ཏ་ལའི་བཟོ་བཀོད་དངོས་གཟུགས་ཐོག་སྒྲིག་འཇུག་བྱས་ནས་ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱེད་པའི་མི་རྣམས་ཀྱིས་པོ་ཏ་ལར་དེ་བས་གོ་ཐུབ་པ་བྱས་པ་རེད། 
     ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་720ཡིས་ཕོ་བྲང་པོ་ཏ་ལའི“སྙིང་གི་ལྡིང་ཚད”ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་སྐབས། ད་དུང་དྲོད་ཚོར་འོད་སྐུད་དང་། དབུགས་རྔུབ་རྣམ་པའི་འཚོལ་ཞིབ་ཡོ་བྱད། མེ་ལྕེའི་པར་རིས་འཚོལ་ཞིབ་ཡོ་བྱད་སོགས་བློ་གྲོས་ལྡན་པའི་མེ་གསོད་མེ་འགོག་གི་སྒྲིག་བཀོད་སྒྲིག་ཆས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཀྱི་ཡོད་པས། ཕོ་བྲང་ནང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་གང་ཐུབ་བྱེད་ཀྱི་ཡོད།
     “ཚན་རྩལ་མཐོ་པོས”ཚོམས་ཆེན་སྲུང་སྐྱོང་བྱེད་ཀྱི་ཡོད་ཀྱང་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་བཀོད་འཐབ་པ་ཚོས་སྔར་བཞིན་ལྷོད་གཡེང་བྱེད་ཆོག་གི་མེད་པ་རེད། ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་བཀོད་འཐབ་པ་ཆའོ་ཞོན་ཞིས“འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱ་ཆེད་ང་ཚོས་ད་དུང་ཉིན་ལྟར་ཆུ་ཚོད་24རིང་ལས་རེས་སྐོར་ཞིབ་བྱེད་ཀྱི་ཡོད”ཅེས་བཤད། དཔེར་ན། ལག་པས་ཚོམས་ཆེན་ནང་གི་སྤོས་ལ་ད་དུང་དྲོད་ཚད་ཡོད་མེད་ལ་ཞིབ་བཤེར་བྱེད་པ་ནི་ཁོ་ཚོའི་ལས་དོན་སྒྲུབ་པའི་རྒྱུན་ལྡན་གྱི་རྣམ་པ་ཡིན། དེ་ལྟར་སེམས་ནུས་ཡོད་རྒུ་བཏོན་པས་ཕོ་བྲང་པོ་ཏ་ལར་ལོ་36རིང་མེ་སྐྱོན་གཅིག་ཀྱང་མི་ཐོན་པའི་འགན་ལེན་བྱུང་ཡོད།
     དེང་རབས་ཚན་རྩལ་གྱི་གཞོགས་འདེགས་ཡོད་པ་དང་ཆབས་ཅིག་ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་ལས་དོན་གྱིས་ཀྱང་སྲོལ་རྒྱུན་ལ་བརྩི་སྲུང་ཞུ་གི་ཡོད། ཕོ་བྲང་པོ་ཏ་ལའི་ཉམས་གསོ་ཁོའོ་ཡི་ལས་དོན་མི་སྣ་ཟླ་བཟང་གིས《ཆིང་རྒྱལ་རབས་སྐབས་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོ་ཉམས་གསོའི་རི་མོ》ཐོག་མངོན་པའི་ཤིང་བཟོ་དང་། རྡོ་བཟོ། ཨར་ཀ་རྡུང་བ་ལ་སོགས་པ་ཚང་མ་ད་ལྟའི་ཕོ་བྲང་པོ་ཏ་ལའི་ཉམས་གསོ་ཁོའོ་ལ་ཡོད་ཅེས་ངོ་སྤྲོད་བྱས།
     ཤིང་བཟོ་ཚོགས་ཆུང་གིས་ཤིང་ཆའི་འབུ་སྲིན་གྱི་གནད་དོན་ལ་དམིགས་ནས་ཁོའོ་ཧྲི་གཞན་དང་མཉམ་དུ་དེ་མཚུངས་ཀྱི་ལས་དོན་སྤེལ་བ་དང་། འཚེམ་བཟོ་རུ་ཁག་གིས་བ་གླང་གི་སྤུ་དང་རས་ཀྱིས་བཟོས་པའི་སྒོ་ཡོལ་སོགས་ཀྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉི་འོད་ཀྱིས་ཨར་སྐྲུན་ལ་གནོད་འཚེ་ཕོག་ཚད་ཉུང་དུ་བཏང་བ་དང་། ཨར་ཀ་ས་ཡིས་བཟོས་པའི་ཁང་པའི་ཐོག་ཁར་དམིགས་བསལ་གྱི་མཉེན་གཤིས་ལྡན་པས་དེ་ནི་ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱེད་པའི་ཆེས་སྲ་ཞིང་བརྟན་པའི་ཁྲབ་རྨོག་ཅིག་དང་མཚུངས།
     ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོའི་ནུབ་ཀྱི་ཕོ་བྲང་ཆེན་པོའི་ཐོག་བརྩེགས་གཉིས་པའི་ཁྱམས་རའི་ཐོག་གི་ལྡེབས་རིས《ཆིང་རྒྱལ་རབས་སྐབས་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དམར་པོ་ཉམས་གསོའི་རི་མོ》ཞེས་པ་དེས་ལོ་300ལྷག་ཙམ་གོང་ཕོ་བྲང་པོ་ཏ་ལ་ཉམས་གསོ་བྱེད་པའི་རྣམ་པ་ཟིན་ཐོར་བཀོད་ཡོད། སྐབས་དེར་ཕོ་བྲང་པོ་ཏ་ལ་བསྐྲུན་པར་མི་རིགས་ཁག་གི་མི་དམངས་མཉམ་དུ་ཞུགས་ཡོད་པ་དང་། དེ་རིང་ཕོ་བྲང་པོ་ཏ་ལ་སྲུང་སྐྱོང་བྱ་རྒྱུ་དེའང་མི་རིགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད། སྟོབས་ཤུགས་གསར་རྙིང་གཅིག་རྗེས་གཉིས་མཐུད་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་འོག་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་ད་དུང་མུ་མཐུད་གངས་ལྗོངས་སུ་འགྱིར་ངེར་ཆགས་ནས་ལོ་ངོ་སྟོང་རིང་གི་གཏམ་རྒྱུད་ངོ་མཚན་ཅན་རྒྱུན་མཐུད་ཡོང་བ་བྱེད་ཀྱི་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833521.html)
འདི་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱེད་བཞིན་པའི་རྣམ་པ་ཡིན་པ།
འདི་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱེད་བཞིན་པའི་རྣམ་པ་ཡིན་པ།
འདི་ནི་ཕོ་བྲང་པོ་ཏ་ལར་ལོ་གཅིག་ཐེངས་གཅིག་གི་དཀར་རྩི་བྱུགས་པའི“གྱོན་ཆས་བརྗེ་བའི་དུས་ཚིགས”བསུས་བའི་རྣམ་པ་ཡིན་པ།
འདི་ནི་ཕོ་བྲང་པོ་ཏ་ལར་ལོ་གཅིག་ཐེངས་གཅིག་གི་དཀར་རྩི་བྱུགས་པའི“གྱོན་ཆས་བརྗེ་བའི་དུས་ཚིགས”བསུས་བའི་རྣམ་པ་ཡིན་པ།