འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་22ཉིན།

༄༅༎སི་ཁྲོན་དཀར་མཛེས་ཁུལ་གྱིས་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

འཁྱགས་ཀླུང་ལ་ལྟ་བ་དང་། ཆུ་ཚན་ལ་ཞུགས་པ། གནའ་མཁར་འཚོལ་ཞིབ……ཟླ་12ཚེས་23ཉིན་ནས་བཟུང་དགུན་དུས་དཀར་མཛེས་སུ་མཉམ་དུ་ཡུལ་སྐོར་འགྲོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་22ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཡུལ་སྐོར་བ་དུང་དཀར་ལུང་བར་ཡོད་པ།
ཡུལ་སྐོར་བ་དུང་དཀར་ལུང་བར་ཡོད་པ།
     མི་དམངས་དྲ་བའི་འཕྲིན། “བློ་བདེ་བག་ཕེབས་འཚོལ་ས་སི་ཁྲོན། དགུན་དུས་ཡུལ་སྐོར་འགྲོ་ས་དཀར་མཛེས”ཞེས་པའི་བརྗོད་བྱ་གཙོ་བོ་བྱེད་པའི་སི་ཁྲོན་ཞིང་ཆེན་དུང་དཀར་ལུང་བའི་འཁྱགས་ཀླུང་ཆུ་ཚན་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ་དང་གངས་དཀར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཆེན་པོའི་མནའ་འབྲེལ་འཛུགས་པའི་མཛད་སྒོ་དེ་ཟླ་12ཚེས་23ཉིན་དཀར་མཛེས་ཁུལ་འབོ་ཞབས་གྲོང་རྡལ་དུ་འཚོག་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་། འགོ་ཚུགས་མཛད་སྒོ་དང་རིག་རྩལ་བྱེད་སྒོ་སྤེལ་རྒྱུ་ཕུད། ད་དུང་དཀར་མཛེས་ཁུལ་ཡུལ་མིའི་མགྲོན་ཁང་ཚོང་འགུག་ངོ་འཕྲོད་གྲོལ་མོལ་ཚོགས་འདུ་དང་། དུང་དཀར་ལུང་བའི་ཆུ་ཚན་ཁམས་གསོ་འཕེལ་རྒྱས་ཚོགས་ཆེན་དང་ཁྲེང་ཡུས་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་མཐའ་སྐོར་5Aམཛེས་ལྗོངས་ཁུལ་མཉམ་འགུལ་རོགས་ལས་ཀྱི་འགོ་ཚུགས་མཛད་སྒོ་དང་། དེ་བཞིན་དུང་དཀར་ལུང་བའི་གངས་འཁྱགས་ཕོ་ཉའི་འདེམས་སྒྲུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར། དཀར་མཛེས་ཁུལ་དངོས་མིན་རིག་གནས་ཤུལ་བཞག་དང་དུང་དཀར་ལུང་བའི་རིག་གནས་གསར་གཏོད་ཇུས་འགོད་ཀྱི་འགྲེམས་སྟོན་སོགས་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད།
     དཀར་མཛེས་ཁུལ་ནི་གངས་འཁྱགས་ལ་རོལ་མྱོང་དང་། འཁྱགས་ཀླུང་ལ་ལྟ་བ། ཆུ་ཚན་ལ་ཞུགས་པ། ཉི་མ་ལྡེ་བ། ་གནའ་མཁར་འཚོལ་ཞིབ། མཛེས་མ་འཚོལ་བ། བོད་ཀྱི་གསང་བར་བཅར་འདྲི་བཅས་བྱེད་པའི་ས་གནས་ཡག་ཤོས་དེ་ཡིན། མངའ་ཁོངས་སུ་གངས་འཁྱགས་རི་བོ་མང་པོ་ཡོད་པ་དང་། ཆུ་ཚན་བརྒྱ་ཕྲག་མང་པོ་རི་ལུང་གི་བར་དུ་ཁྱབ་ཡོད། དེའི་ནང་གངས་དཀར་རི་བོའི་ཤར་ངོས་སུ་གནས་པའི་དུང་དཀར་ལུང་བ་ནི་མཚོ་བོད་ས་མཐོའི་ཤར་ངོས་ཀྱི་འཁྱགས་ཀླུང་ཁྱབ་ཁུལ་ཆེ་ཤོས་དང་འཁྱགས་ཀླུང་རྦབ་ཆུ་ཁྱབ་ཁུལ་ཆེ་ཤོས་ཡིན། དེ་དང་ཆབས་ཅིག་མཐོང་དཀོན་པའི་90℃ཆུ་ཚན་ཁྱབ་ཁུལ་ཡང་ཡིན་པས། “དགུན་དུས་དཀར་མཛེས་སུ་ཡུལ་སྐོར་བྱེད་པའི”མཚོན་རྟགས་རང་བཞིན་གྱི་མཛེས་ལྗོངས་ཁུལ་ཞིག་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833376.html)
【1】  【2】  【3】  【4】
དུང་དཀར་ལུང་བའི་མཛེས་ལྗོངས།
དུང་དཀར་ལུང་བའི་མཛེས་ལྗོངས།