མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་
འཚོགས་པ། ཞི་ཅིན་ཕིང་གིས་བཀའ་རྒྱའི་ལག་ཁྱེར་གནང་བ་དང་འབྲེལ་གོ་རྟགས་འཕར་བའི་
དམག་དཔོན་དང་ཉེན་རྟོག་དཔོན་ལ་རྟེན་འབྲེལ་ཡང་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་20ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་18ཉིན། པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་བཀའ་རྒྱའི་ལག་ཁྱེར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་དང་ལྷན་བཞུགས་སྐུ་པར་བསྒྲོན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་བཀའ་རྒྱའི་ལག་ཁྱེར་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་15ཙམ་ལ་གོ་རྟགས་སྤོར་བའི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་དབྱིའུ་ཞ་ཡིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ད་རེས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ནི། དམག་ཨུད་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་པུའི་ཆབ་སྲིད་ཨུ་ཡོན་ཀུའོ་ཕུའུ་ཞའོ་དང་། ནུབ་རྒྱུད་འཐབ་ཁུལ་གྱི་སི་ལིན་ཡོན་ཀྲང་ཞུས་ཏུང་། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་ལི་ཝེ། དྲག་ཆས་ཉེན་རྟོག་དཔུང་སྡེའི་སི་ལིན་ཡོན་ཝང་ཁྲུན་ཉིང་བཅས་རེད།
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་4པོ་སྒམ་བརླིང་དང་བློ་སྤོབས་ཆེན་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་ཡོང་བ་དང་། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་རྒྱའི་ལག་ཁྱེར་གནང་ནས་རྟེན་འབྲེལ་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་ཀྱི་དཔུང་རྟགས་བཏགས་རྗེས་དམག་དཔོན་དང་ཉེན་རྟོག་དཔོན་བཞི་པོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལའང་གུས་འདུད་ཞུས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།
     དམག་མིའི་གླུ་སྒྲ་གསང་པོའི་ཁྲོད་གོ་རྟགས་སྤོར་བའི་མཛད་སྒོ་མཇུག་འགྲིལ་བ་དང་། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་རྣམ་པས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་དང་ལྷན་བཞུགས་སྐུ་པར་བསྒྲོན་པ་རེད།

style="display:none;"